国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)དམག་དང་ས་གནས་ཕྱོགས་གཉིས་ཀྱིས་མཉམ་ལས་དམ་ཟབ་བྱས་ཏེ་བྲག་རྡོ་ལྟར་སྲ་བརྟན་ཡིན་པའི་དམག་སྲིད་དམག་དམངས་མཐུན་སྒྲིལ་སྲ་བརྟན་དང་འཕེལ་རྒྱས་བཏང་སྟེ། ཐུན་མོང་ཐོག་རང་རེའི་མི་དམངས་ལ་དགའ་བ་དང་རང་རེའི་དམག་ལ་དགའ་བའི་དུས་རབས་ཀྱི་ལེའུ་གསར་པ་མུ་མཐུད་དེ་བྲི་དགོས།

རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)མིང་འདོགས་ཚོགས་ཆེན་སྤྱི་ཟླ4པའི་ཚེས23ཉིན་པེ་ཅིང་དུ་འཚོགས། ཚོགས་འདུར་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་བརྒྱུད་བསྒྲགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་སྲིད་བློན་ལི་ཆང་ཚོགས་ཆེན་དུ་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ལི་ཆང་གིས་གསུང་བཤད་གནང་སྐབས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གཉིས་བཀུར་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན་ནི་ཏང་གིས་འགོ་ཁྲིད་བྱས་པའི་གཉིས་བཀུར་ལས་དོན་གྱི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་དང་རིགས་པའི་གཞུང་ལུགས་ཀྱི་གསར་གཏོད་གྲུབ་འབྲས་ཡིན་པས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་གཉིས་བཀུར་ལས་དོན་ཡག་པོ་བསྒྲུབ་རྒྱུར་རྩ་བའི་བསྲུང་བྱ་བཏོན་ཡོད། ང་ཚོས་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱས་ཏེ་གཉིས་བཀུར་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས།

ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་དམག་མི་དང་ས་གནས་རིམ་པ་ཁག་དང་ཕྱོགས་ཁག་གིས་ཐུན་མོང་འབད་བརྩོན་བྱས་པར་བརྒྱུད། གཉིས་བཀུར་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རྒྱས་བྱུང་བ་དང་། འབྲེལ་ཡོད་ཁྲིམས་ལུགས་ཁྲིམས་སྲོལ་མ་ལག་སྔར་བས་འཐུས་ཚང་དུ་ཕྱིན་པ། སྤྱི་ཚོགས་ཀྱི་དམག་བཀུར་རྩ་འཛུགས་དང་ཞབས་ཞུའི་དྲ་བ་སྔར་བས་འཐུས་ཚང་དུ་ཕྱིན་པ། དམག་ཡོངས་ཀྱི་དཔུང་སྡེ་དབུལ་ཐར་འགག་སྒྲོལ་དང་། ཡུལ་སྡེ་དར་རྒྱས། མཐའ་མཚམས་སྟོབས་ལྡན་དང་བརྟན་སྲུང་སོགས་འཐབ་ཇུས་ཀྱི་ལག་ལེན་གལ་ཆེན་ནང་ཧུར་ཐག་ཞུགས་ནས་ཉེན་སེལ་གུད་སྐྱོབ་དང་། ཕྱིར་སྡོད་རང་མི་ཕྱིར་ཁྲིད་དང་སྲུང་བ། བརྟན་བརླིང་སྲུང་སྐྱོང་དང་འཕྲལ་རྐྱེན་ཐག་གཅོད་སོགས་ཀྱི་ལས་འགན་ཕུལ་དུ་ཕྱིན་པ་བསྒྲུབས་ཡོད། མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེ་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འགག་རྩའི་དུས་སྐབས་ཤིག་ཡིན། གཉིས་བཀུར་ལས་དོན་དེ་དམག་མི་དང་ས་གནས་དང་འབྲེལ་བ་བྱེད་པ་དང་། དམག་དམངས་དང་མཐུན་སྒྲིལ་བྱེད་པ། སེམས་ནུས་གཅིག་སྒྲིལ་གྱིས་ནུས་པ་གལ་ཆེན་སྔར་ལས་ལེགས་པར་འདོན་སྤེལ་བྱེད་པ་དང་། དམག་མི་དང་ས་གནས་ཕྱོགས་གཉིས་ལ་རྒྱབ་སྐྱོར་བྱེད་པའི་དམིགས་བསལ་གྱི་ལེགས་ཆ་འདོན་སྤེལ་བྱས་ཏེ། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་བྱ་གཞག་གོང་དུ་སྤེལ་བར་སྟོབས་ཤུགས་བྱས་རྗེས་སུ་འབུལ་དགོས།

ལི་ཆང་གིས་ནན་གསུང་གནང་དོན། ས་ཁུལ་ཁག་དང་སྡེ་ཁག་གིས་རྒྱལ་སྲུང་འདུ་ཤེས་དང་སྤྱིུ་ཡོངས་ཀྱི་འདུ་ཤེས་བརྟན་པོ་བཅང་དགོས་པ་དང་། དམག་དཔུང་འཛུགས་སྐྱོང་དང་བསྒྱུར་བཅོས་ཀྱི་གཙོ་གནད་ལ་དམིགས་ཤིང་། ཐོན་ཁུངས་ལ་གཅིག་གྱུར་འཆར་འགོད་བྱེད་པར་ཤུགས་བསྣན་དགོས་པ་དང་། དམག་དཔུང་དང་ས་གནས་མཉམ་ལས་དམ་ཟབ་བྱས་ཏེ་མ་སྐུལ་དང་ལེན་ངང་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་འཛུགས་སྐྲུན་ལ་ཞབས་འདེགས་ཞུ་དགོས། དངོས་ཞབས་དམག་མི་དང་དམག་ཁོངས་ནས་ཕྱིར་འཐེན་པའི་དམག་མིའི་དགོས་མཁོ་དངོས་ལ་གཅིག་གྱུར་གྱིས་བསམ་གཞིག་དང་། ཞབས་ཞུའི་འགན་སྲུང་གི་གནད་ལ་འཁེལ་བའི་རང་བཞིན་ཆེ་རུ་གཏོང་བ་དང་། སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་དམག་མིད་སེམས་ཁུར་བྱེད་པའི་བུ་ཕྲུག་གི་སློབ་གསོ་དང་ཁྱིམ་མིའི་ལས་ཞུགས། ཕ་མའི་རྒན་གསོ་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་རོགས་བྱས་ཏེ། དམག་ཁོངས་ནས་འཐེན་རྗེས་ཀྱི་བཀོད་སྒྲིག་དང་། ལས་ཞུགས་ལས་གཏོད། གུད་སྐྱོབ་ལྟ་སྐྱོང་། དཀའ་ངལ་ལ་རོགས་སྐྱོར་སོགས་ཀྱི་ལས་དོན་ཏན་ཏིག་ལེགས་པར་བསྒྲུབ་དགོས། དམག་དཔུང་གིས་རང་ངོས་ཀྱི་ལེགས་ཆར་གཞི་ཚུགས་ནས་ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྱོང་ནང་ཧུར་ཐག་ཞུགས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་བ་དང་། ས་གནས་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ། བདེ་འཇགས་དང་བརྟན་ལྷིང་སྲུང་སྐྱོང་བྱེད་པ་སོགས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱ་རྒྱུར་རྒྱབ་སྐྱོར་བྱ་དགོས། བསྒྱུར་བཅོས་དང་གསར་གཏོད་ཟབ་ཏུ་སྤེལ་བའི་ཁྲོད་དུ་གཉིས་བཀུར་ལས་ཀའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་། རྩ་འཛུགས་དང་འགོ་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་ཞིང་། གཉིས་བཀུར་དཔེ་བཟང་གསར་འཛུགས་བྱེད་ཤུགས་ཆེ་རུ་གཏོང་བ། གཉིས་བཀུར་སྤྱི་ཚོགས་ཀྱི་རྨང་གཞི་སྲ་བརྟན་དང་རྒྱ་ཆེར་གཏོང་བ། ཏང་ཀྲུང་དབྱང་ཀྱི་གཉིས་བཀུར་ལས་དོན་གྱི་ཐབས་ཇུས་བཀོད་སྒྲིག་དོན་ལ་འཁྱོལ་བར་སྐུལ་འདེད་གཏང་དགོས།

ཚོགས་ཆེན་དུ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་མིང་འདོགས་པའི་སྐོར་གྱི་གཏན་འབེབས་སྒྲོག་སྦྱོང་དང་འབྲེལ་རྒྱལ་ཡོངས་ཀྱི་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)གྱི་འཐུས་མི་ལ་བྱ་དགའ་སྤྲད་པ་རེད། འབྲེལ་ཡོད་དམག་མི་དང་ས་གནས་ཀྱི་འཐུས་མིས་གཏམ་བཤད་བྱས་པ་རེད།

ཧྲི་ཐའེ་ཧྥེང་དང་། ལི་ཧྲུའུ་ལེ། ཀྲང་ཡིའུ་ཞཱ། ཝང་ཏུང་མིང་། ཝུའུ་ཀྲེན་ལུང་། ཧྲེན་ཡུའེ་ཡུའེ་བཅས་ཚོགས་ཆེན་དུ་ཞུགས་པ་རེད། ཧྲེན་དབྱི་ཆིན་གྱིས་ཚོགས་ཆེན་གཙོ་སྐྱོང་གནང་བ་རེད།

མིང་ཐོབ་པའི་རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)འཐུས་མི་དང་། རྒྱལ་ཡོངས་གཉིས་བཀུར་ལས་དོན་གྱི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི་དང་། དམག་སའི་ས་གནས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། ཞིང་ཆེན་ཁག་དང་། རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་བཅས་ཀྱི་གཉིས་བཀུར་ལས་དོན་གྱི་འགོ་ཁྲིད་ཚོ་ཆུང་དང་དེ་བཞིན་གཉིས་བཀུར་གཞུང་དོན་ཁང་གི་འགན་འཁུར་བློ་མཐུན་སོགས་ཚོགས་ཆེན་དུ་ཞུགས་པ་རེད།།

( ཨོ་རྒྱན་གྱིས་བསྒྱུར།)