སྤྱི་ཟླ4པའི་ཚེས23ཉིན་གྱི་སྔ་དྲོར། ཀྲུང་གུང་དཀར་མཛེས་ཁུལ་ཨུ་དྲིལ་བསྒྲགས་པུའུ་དང་ཀྲུང་གུང་དར་མདོ་གྲོང་ཁྱེར་ཏང་ཨུ། དར་མདོ་གྲོང་ཁྱེར་མི་དམངས་སྲིད་གཞུང་། དཀར་མཛེས་ཁུལ་རིག་གནས་རྒྱང་བསྒྲགས་བརྙན་འཕྲིན་ཡུལ་སྐོར་ཅུས་བཅས་ཀྱིས་གཙོ་སྒྲུབ་བྱས་ཤིང་། དར་མདོ་གྲོང་ཁྱེར་ཏང་ཨུ་དྲིལ་བསྒྲགས་པུའུ། དཀར་མཛེས་ཁུལ་གཏོང་སྦྱོར་ལྟེ་གནས། དཀར་མཛེས་ཁུལ་དཔེ་མཛོད་ཁང་། དཀར་མཛེས་ཁུལ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་སོགས་ཀྱིས་སྒྲུབ་འགན་ཁུར་བའི2025ལོའི་དཀར་མཛེས་ཁུལ་གྱི་འཛམ་གླིང་དཔེ་ཀློག་ཉིན་མོའི་ཚན་བསྟར་བྱེད་སྒོ་དར་མདོ་གྲོང་ཁྱེར་གཡག་རྭ་ལྟག་སྒོ་སློབ་ཆུང་ནས་སྤེལ།
བྱེད་སྒོར་ཁམས་པའི་ན་ཆུང་གིས་གཏམ་རྒྱུད་བཤད་པའི་འགྲན་སྡུར་ལས་བྱ་དགའ་ཐོབ་མཁན་གྱི་འགྲན་ཞུགས་སློབ་མར་བྱ་དགའ་སྟེར། དེ་བཞིན་སློབ་གྲྭ་ཆུང་འབྲིང་གི་སློབ་མའི“རང་གི་ཕ་ཡུལ་ལ་དགའ་བའི་རྩོམ་ཡིག་འགྲན་སྡུར”ཁྲོད་ཀྱི་བྱ་དགའ་ཐོབ་མཁན་དང་མཛུབ་ཁྲིད་དགེ་རྒན་ཕུལ་བྱུང་ལ་བྱ་དགའ་སྤྲད་པ་རེད།
དཔེ་ཀློག་ནི་ཉི་འོད་དྲོན་པོ་ཞིག་དང་འདྲ་བས། སུ་ཞིག་གིས་དཔེ་ཀློག་གི་ཉི་འོད་དྲོན་པོ་འདི་ལོངས་སུ་སྤྱད་ཤེས་ན་ད་གཟོད་མི་ཚེའི་འདུན་མ་ལ་འོད་སྟོང་གི་དྲོད་ཁོལ་འཛོམས་ཤིང་ཕུགས་བསམ་འཚོལ་སྙེག་གི་མདུན་ལམ་ཡངས་པོ་རུ་རིན་བྲལ་གྱི་ཟེར་མདངས་འཕྲོ་སྲིད་པས། སློབ་མ་རྣམས་ལ་དཔེ་ཀློག་གི་གོམས་གཤིས་བཟང་པོ་རྒྱུད་ལ་འཇགས་ཆེད་དང་ཐོས་བསམ་སློབ་གཉེར་ལ་མོས་པ་བསྐྱེད་ཕྱིར་སློབ་གྲྭའི་དགེ་སློབ་སྟོང་གིས་གསུང་རབ་གྱེར་ཀློག་བྱས་ཤིང་བྱེད་སྒོར་ཕུན་སུམ་ཚོགས་པའི་དཔེ་ཀློག་གི་རྣམ་པ་བཟང་པོ་ཞིག་བསྐྲུན་པ་རེད།།
( འདི་གའི་གསར་འགོད་པས་བྲིས་ཤིང་པར་བླངས།)