国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

སྤྱི་ཟླ4ཚེས25ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་ཡིག་ཆའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།རང་ཁུལ་གྱི་ལག་བསྟར་དོན་འཁྱོལ་གྱི་བསམ་འཆར་ལ་ཞིབ་འཇུག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།

ཚོགས་འདུར་བསྟན་དོན། ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གཉིས་བཀུར་ལས་དོན་ཐད་བཏོན་པའི་མཛུབ་སྟོན་གལ་ཆེན་ནི་ཏང་གིས་གཉིས་བཀུར་ལས་དོན་ལ་འགོ་ཁྲིད་པའི་ལོ་རྒྱུས་ཉམས་མྱོང་ཕྱོགས་བསྡོམས་དང་རིགས་པའི་གཞུང་ལུགས་གསར་གཏོད་ཀྱི་གྲུབ་འབྲས་ཤིག་ཡིན་པས། དུས་རབས་གསར་པ་དང་རྒྱང་སྐྱོད་གསར་པའི་གཉིས་བཀུར་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་བརྩི་སྲུང་འདོན་སྤྲོད་གནང་ཡོད། རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང་ཁྱེར(རྫོང)མིང་འདོགས་ཚོགས་ཆེན་ཐོག་དཀར་མཛེས་ཁུལ་ལ“རྒྱལ་ཡོངས་གཉིས་བཀུར་དཔེ་བཟང་གྲོང”ཞེས་པའི་ཐོག་མིང་བཏགས་ཐོག་མར་ཐོབ་པ་དང་།དེ་ནི་རྒྱལ་ཡོངས་གཉིས་བཀུར་ལས་དོན་མགོ་ཁྲིད་ཚོ་ཆུང་དང་།དམག་ཁོངས་ནས་ཕྱིར་འཐེན་བྱས་པའི་དམག་མིའི་ལས་དོན་པུའུ།ཀྲུང་དབྱང་དམག་དོན་ཨུ་ལྷན་ཆབ་སྲིད་ལས་དོན་པུའུ་བཅས་ཀྱིས་དཀར་མཛེས་ཁུལ་གྱི་ལས་དོན་ལ་ཁས་ལེན་དང་གཟེངས་བསྟོད་བྱས་པ་ཞིག་རེད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གཟི་བརྗིད་དེར་གཅེས་འཛིན་བྱ་རྒྱུ་དང་།དེ་འགོ་ཚུགས་ས་གསར་པར་བྱས་ཏེ་གཉིས་བཀུར་གྱི་སྲོལ་རྒྱུན་གཟི་བརྗིད་ཅན་དར་སྤེལ་ཤུགས་ཆེན་གཏོང་བ་དང་། དམག་སྲིད་དང་དམག་དམངས་བར་གྱི་མཐུན་སྒྲིལ་གྱི་རྣམ་པ་བཟང་པོ་རྒྱུན་མཐུད་ནས་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།

ཚོགས་འདུར་ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས་དཔར་འགྲེམ་བྱས་པའི《ཞིང་སྡེའི་གཞི་རིམ་ལས་བྱེད་པས་སྤྱོད་གཙང་ངང་འགན་འཁྲི་སྒྲུབ་པའི་གཏན་འབེབས》ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་། ཀྲུང་དབྱང་སྐོར་ཞིབ་ཚོ་ཆུང་བཅུ་གཉིས་པས་སི་ཁྲོན་ཞིང་ཆེན་གྱི་ལས་དོན་ལ་སྐོར་ཞིབ་བྱེད་པའི་སྐུལ་སློང་ཚོགས་འདུའི་སྙིང་དོན་དང་།ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་དཔར་འགྲེམ་བྱས་པའི《2025ལོར་ཕྱོགས་ཡོངས་ནས་ཏང་ནན་སྐྱོང་དང་།ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་བཅས་ལ་སྐུལ་འདེད་གཏང་རྒྱུའི་སྐོར་གྱི་བསམ་འཆར》གྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུར་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་ལྟ་ཞིབ་ལས་དོན་མགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་རེད།

ཚོགས་འདུར་འབྲེལ་ཡོད་ཡིག་ཆར་གྲོས་ཞིབ་བྱས་པ་རེད།

ཚོགས་འདུར་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།།( ལྷ་འཛོམས་ཀྱིས་བསྒྱུར།)