国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






རང་ཁུལ་གྱིས“ཤུགས་ཆེར་གཏོང་བ་བཞི”ཡིས་རྒྱལ་ཁབ་བདེ་འཇགས་སློབ་གསོ་ཟབ་ཏུ་སྤེལ་ནས་དགེ་སློབ་ཀྱི་བསམ་བློའི་འགོག་སྲུང་ར་བ་བརྟན་པོར་བསྐྲུན།

ཁུལ་སློབ་གསོའི་མ་ལག་གིས་དོན་དངོས་ལ་ཞིབ་ཏུ་དམིགས་ནས“སློབ་ཚན་མཉམ་འདྲེས་དང་།ལག་ལེན་ནུས་སྤྲོད། ཁྱིམ་སློབ་མཉམ་ལས་བཅས་ཟུང་འབྲེལ”གཙོ་བོར་བྱས་ཏེ། དགེ་སློབ་ཀྱི་རྒྱལ་ཁབ་བདེ་འཇགས་སློབ་གསོ་མུ་མཐུད་དེ་ཟབ་ཏུ་སྤེལ་བ་དང་།ཁུལ་ཡོངས་ཀྱི་སློབ་གྲྭ་རིམ་པ་ཁག་དང་རིགས་ཁག་གི་དགེ་སློབ་མི་ཐེངས་ཁྲི24ལྷག་ལ་ཁྱབ་པས།རྒྱ་ཆེ་བའི་དགེ་སློབ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་བསམ་བློའི་འགོག་སྲུང་ར་བ་རྒྱུན་ཆད་མེད་པར་བརྟན་དུ་བཏང་བ་རེད།

རིག་ཚན་མཉམ་འདྲེས་བྱེད་ཤུགས་ཆེ་རུ་བཏང་བ། རྒྱལ་ཁབ་བདེ་འཇགས་སློབ་གསོ་དེ་སློབ་གྲྭ་ཆུང་འབྲིང་གི་ཀུན་སྤྱོད་སློབ་ཚན་དང་བདེ་འཇགས་སློབ་གསོའི་སློབ་ཚན་སོགས་སུ་བཞག་པར་མ་ཟད།སྐད་ཡིག་དང་།ས་ཁམས།ལོ་རྒྱུས་སོགས་རིག་ཚན་སློབ་ཁྲིད་དང་ཟུང་འབྲེལ་བྱས་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོ་མཉམ་འདྲེས་སློབ་ཚན10ལྷག་སྤེལ་ཡོད། དཀར་མཛེས་རང་ཡུལ་གྱི་གསར་བརྗེ་ཐོན་ཁུངས་ལ་བརྟེན་ནས“གསར་བརྗེ་གནས་གཞི་དཀར་མཛེས་རྒྱལ་ཁབ་བདེ་འཇགས་ཀྱི་དཔང་རྟགས”སོགས་སློབ་གྲྭ་ཆུང་འབྲིང་གི་གཙོ་དོན་འཛིན་གྲྭ(རུ་ཁག)ཡི་ཚོགས་འདུ་དང་སློབ་ཚན་སོགས་རིམ་རྩིས་བྱས་ནས་སློབ་གྲྭ་ཆུང་འབྲིང་གི་སློབ་མ་ཁྲི18ལྷག་ལ་ཁྱབ་ཡོད།

གསར་བརྗེ་ཞིབ་འཇུག་དང་སློབ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་བ། ལྕགས་ཟམ་ཟམ་པ་དང་དཀར་མཛེས་སུའུ་ཝེ་ཨེ་བོད་པ་སྲིད་གཞུང་།དམག་ཤོག་བཅོ་བརྒྱད་པ་བོད་དུ་བསྐྱོད་པའི་རྗེས་ཤུལ་སོགས་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞིར་བརྟེན་ནས“རྒྱལ་ཁབ་ཀྱི་བདེ་འཇགས་ཐུན་མོང་སྲུང་སྐྱོང་བྱེད་པ”ཡི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་བྱེད་སྒོ་རབ་དང་རིམ་པ་སྤེལ་བ་དང་།མིག་སྔར་དགེ་སློབ་ཁྲི2ལྷག་ལ་ཁྱབ་ཡོད།

ཁྱིམ་སློབ་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་བ། སློབ་གྲྭ་ཆུང་འབྲིང་ཁག་གིས་སློབ་མ་རེ་རེས་ཁྱིམ་བདག་དང་གཉེན་ཉེ་གྲོགས་པོ་ལ་སྐུལ་ཁྲིད་བྱེད་པའི་ཁྱབ་འགྱེད་སློབ་གསོའི་རྣམ་པ་བཙུགས་ནས་རྒྱལ་ཁབ་བདེ་འཇགས་སློབ་གསོའི་ཆ་འཕྲིན3000ལྷག་འགྲེམས་སྤེལ་བྱས་པ། སློབ་གྲྭ20ལྷག་གིས་ཁྱིམ་སློབ་མཉམ་ལས་ཟབ་ཏུ་སྤེལ་ནས་ཐུན་མོང་ཐོག“སྐེ་རས་དམར་པོའི་སྒྲོག་འགྲེལ”དང“གུང་གཞོན་ཚོགས་མིའི་སྒྲོག་འགྲེལ”“ཕ་མ་བུ་ཕྲུག་གི་སྒྲོག་འགྲེལ”སོགས་ཀྱི་བྱེད་སྒོ་སྒྲིག་འཛུགས་བྱས་པ་དང་།རྒྱལ་ཁབ་བདེ་འཇགས་ཀྱི“རྩྭ་ཐང་སྦྲ་གུར་གྱི་སློབ་ཚན”དང“ཞིང་འབྲོག་པ་དང་གདོང་གཏུག་གི་སྒྲོག་འགྲེལ”སོགས་ཀྱི་བྱེད་སྒོ་སྤེལ་ནས་མིག་སྔར་ཞིང་འབྲོག་མང་ཚོགས2000ལྷག་ལ་ཁྱབ་ཡོད་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)