རང་རྒྱལ་གྱི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས》ནང་གཏན་འཁེལ་བྱས་དོན། བཅའ་ཁྲིམས་འདིར་རྒྱལ་ཁབ་ཀྱི་བདེ་དོན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ཅེས་པ་ནི་མངའ་ཁོངས་ཕྱིའི་ལས་ཁུངས་དང་རྩ་འཛུགས། སྐྱེ་བོ་བཅས་ཀྱིས་སྤེལ་བའམ་སྐྱེ་བོ་གཞན་ལ་ངན་སྐུལ་དང་རྒྱུ་དངོས་ཀྱི་རོགས་རམ་བྱས་ནས་སྤེལ་དུ་བཅུག་པའམ་མངའ་ཁོངས་ཀྱི་རྩ་འཛུགས་དང་སྐྱེ་བོས་མངའ་ཁོངས་ཕྱིའི་ལས་ཁུངས་དང་རྩ་འཛུགས། སྐྱེ་བོ་བཅས་དང་ངན་འབྲེལ་བྱས་ནས་རྒྱལ་ཁབ་ཀྱི་བདེ་དོན་ལ་གནོད་འཚེ་གཏོང་བའི་བྱ་སྤྱོད་ལ་ཟེར། བྱེ་བྲག་ཏུ་གཤམ་གྱི་འདི་དག་ཡོད་དེ།
1 སྲིད་གཞུང་མགོ་རྟིང་སློག་པ་དང་རྒྱལ་ཁབ་ཁ་བྲལ་གཏོང་བ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་མགོ་རྟིང་སློག་པ་བཅས་ཀྱི་ལྐོག་གཡོ་བྱེད་མཁན།
2 གསང་མྱུལ་གྱི་རྩ་འཛུགས་ནང་ཞུགས་པའམ་གསང་མྱུལ་གྱི་རྩ་འཛུགས་དང་དེའི་ལས་ཚབ་ཀྱི་ལས་འགན་དང་ལེན་བྱས་པ།
3 རྒྱལ་ཁབ་ཀྱི་གསང་བ་རྐུ་འཁྱེར་དང་མྱུལ་ཞིབ། བསྡུ་ཉོ། ཁྲིམས་འགལ་གྱིས་འདོན་སྤྲོད་བཅས་བྱས་རིགས།
4 རྒྱལ་ཁབ་ཀྱི་ལས་བྱེད་པར་ངོ་ལོག་བྱ་རྒྱུའི་ངན་སྐུལ་དང་བསླུ་བྲིད། བསླུ་ཉོ་བཅས་བྱེད་མཁན།
5 རྒྱལ་ཁབ་ཀྱི་བདེ་དོན་ལ་གནོད་པའི་གཏོར་བཤིག་གི་བྱ་སྤྱོད་གཞན་དག་སྤེལ་རིགས་བཅས་ཡོད།(མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར་ནས་དྲངས།)
