国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཔྱིད་དཔལ་དང་ དཔྱིད་རླུང་།

པྲ་ཆལ་གྱི་ཉི་མས།

ནམ་མཁའི་བང་རིམ་གཤགས་ཏེ།

ཚ་ལམ་ལམ་གྱི་ཉི་འོད་རྡོག་གཅིག།

འཇམ་མཉེན་གྱི་ས་གཞིའི་གདོང་དུ་འཕྲོས།

ཤག་ཤག་བབས་པའི་སྦྲང་ཆར་གྱིས།

གསར་སྐྱེས་ཀྱི་མེ་ཏོག་དག་གི།

སྨིན་ལ་ཁད་ཀྱི་ལང་ཚོ་དང་།

གསལ་ཐག་ཆོད་པའི་སེམས་པར།

དྭངས་གཙང་གི་ཁྲུས་ཆུ་གསོལ།

དལ་བུར་རྒྱུ་བའི་རླུང་བུ་དང་།

གསུང་སྙན་སྒྲོག་པའི་ཁུ་བྱུག་གིས།

རྒྱང་རིང་གི་དཔྱིད་དཔལ་དང་།

དཔྱིད་དཔལ་གྱི་དྲི་བསུང་ཁུར་ནས།

ངའི་སེམས་ཀྱི་རྩྭ་ཐང་ལ་ལྗང་ལྡེམ་ལྡེམ་བབས།

༼ ཉག་ཕྲན། ༽