国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁབ་དང་སྐུད་པ་ལས་བརྒྱུས་པའི་མི་ཡུལ་གྱི་བརྩེ་བ་དྲོན་མོ།

འཇོལ་རྫོང་སྐལ་བཟང་མེ་ཏོག་བུད་མེད་ལག་ཤེས་བཟོ་རྩལ་པ་ཨ་ཅེ་ཚེ་རིང་སྒྲོལ་མའི་སྐོར་བཀོད་པ།

ཞོགས་པའི་ཉི་ཟེར་རྡོ་མཁར་རྗོང་གི་གཙང་ཞིང་འོད་འཁྱུག་པའི་རྡོ་གཅལ་སྟེང་དུ་འཕྲོས་པ་དང་བསྟུན་ནས། ཨ་རོགས་ཁམས་པའི་ལག་ཤེས་བཟོ་ཁང་ལ་མཚོན་ན་ཉིན་གཅིག་གི་ལས་འགོ་ཡང་བརྩམས་པ་རེད། བཟོ་ཁང་དུ་བཤམས་པའི་སྤུས་ཀ་ལེགས་ལ་བཟོ་དབྱིབས་མཛེས་པའི་ལག་ཤེས་ཐོན་རྫས་རེ་རེ་ནི་ཨ་ཅེ་ཚེ་རིང་སྒྲོལ་མ་དང་བཅས་པའི་ལས་བཟོ་བ་རྣམས་ཀྱིས་རང་གི་ལག་ཟུང་ལ་བརྟེན་ནས་བཟོས་པའི་ཐོན་རྫས་ཡིན་ལ། རྒྱལ་ཁབ་ཕྱི་ནང་གི་འཛད་སྤྱོད་པའི་དགའ་བསུ་ཚད་མེད་ཐོབ་དང་འཐོབ་བཞིན་ཡོད།

ཨ་ཅེ་ཚེ་རིང་སྒྲོལ་མ་ནི་འཇོལ་རྫོང་ཡུན་ལིན་ཡུལ་ཤོག་ནང་སྟེང་གྲོང་ཚོའི་གྲོང་མི་ཡིན་ལ། མོས་མི་ལོ20རིང་གྲོང་གསེབ་ཏུ་གཞི་ཚུགས་ནས་རིག་གནས་སྲུང་སྐྱོབ་སྐོར་གྱི་ལས་དོན་གཉེར་ཡོད། མོ་ལ་སྲོལ་རྒྱུན་རིག་གནས་སྲུང་སྐྱོང་གི་ལས་དོན་པ་དང་གྲོང་གསེབ་ཀྱི་གཟུགས་བརྙན་ཟིན་འགོད་ཀྱི་ལས་དོན་པ། འཇོལ་རྫོང་སྐལ་བཟང་མེ་ཏོག་བུད་མེད་ལག་ཤེས་བཟོ་རྩལ་པ་དང་ཞིང་ཞོར་ཐོན་ཟོག་ཆེད་ལས་མཉམ་ལས་ཁང་གི་གསར་གཏོད་པ་སོགས་ཀྱི་ཐོབ་ཐང་མང་པོ་ཡོད། 2017ལོར་ཨ་ཅེ་ཚེ་རིང་སྒྲོལ་མས་མཉམ་ལས་ལས་གཉེར་མཁན་རོགས་པ་གཉིས་དང་མཉམ་དུ་ཨ་རོགས་ཁམས་པའི་རིག་གནས་ཐོན་ལས་འཕེལ་རྒྱས་ཚད་ཡོད་སྤྱི་གཉེར་ཁང་བཙུགས་པ་དང་འབྲེལ་ཨ་རོགས་ཁམས་པའི་ལག་ཤེས་བཟོ་རྩལ་ཁང་ཡང་བཙུགས་པ་རེད།

ཉེ་བའི་ལོ་ཤས་རིང་། ཨ་རོགས་ཁམས་པའི་ལག་ཤེས་བཟོ་རྩལ་ཁང་གིས་གཙོ་བོར་ས་གནས་རང་གི་ཁྱིམ་ཚང་དབུལ་པོའི་བུད་མེད་དང་དབང་པོ་སྐྱོན་ཅན་མི་སྣ་སྒྲིག་འཛུགས་བྱས་ཏེ་བོད་ཀྱི་ལག་ཤེས་བཟོ་རྩལ་ཐོན་རྫས་བཟོས་པ་དང་འབྲེལ་ཡུལ་སྐོར་ཁུལ་གྱི་ཚོང་ཁང་བརྒྱུད་ཕྱི་ཕྱོགས་སུ་འཚོང་གི་ཡོད། འདི་ཡང་ཨ་ཅེ་ཚེ་རིང་སྒྲོལ་མའི་བསམ་འདུན་ཡིན་པ་རེད། མིག་སྔར་ལས་ཤེས་བཟོ་ལས་ཁང་དུ་གྲོང་གསེབ་ཀྱི་ལག་རྩལ་པ386གསོ་སྐྱོང་བྱས་ཡོད། ཐོན་རྫས་ཐད་ལ་ཁྱི་དང་བཀྲ་ཤིས་རྟགས་བརྒྱད་སོགས་བོད་ཀྱི་སྲོལ་རྒྱུན་བཀྲ་ཤིས་པའི་རི་མོ་སྣ་ཚོགས་ཀྱི་རིག་གནས་གཙོས་པའི་ཐོན་རྫས་ཡོད་པར་མ་ཟད། རང་ས་གནས་ཀྱི་རི་ཀླུང་དང་ཡུལ་གྲུ། སྲོལ་རྒྱུན་གྱི་ཐོན་རྫས་སོགས་རིག་གནས་རྒྱབ་ལྗོངས་སུ་བྱས་པའི་ཐོན་རྫས་དང་། རྒྱལ་ཐང་དང་འཇོལ་གྱི་བོད་ཆས་ཐོན་རྫས་དང་། ཁ་བ་དཀར་པོའི་ལོ་རྟགས་ལུག་གི་ཐོན་རྫས་སོགས་ཡོད། ཐོན་རྫས་དེ་ཚོ་ལ་མི་རིགས་རིག་

མཚོན་ན། འཇོལ་རྫོང་ཧོ་ཧྲན་ཡུལ་ཤོག་བསྐོར་ཤོད་གྲོང་ཚོའི་གྲོང་མི་ཡིན་པ་དང་། མོ་གཅིག་པུས་ཁྱིམ་གྱི་ཁ་གསོ་དགོས་པར་མ་ཟད། བུ་ཕྲུག་ཀྱང་སློབ་གྲྭར་བསྐྱལ་དགོས། ཨ་རོགས་ཁམས་པའི་ལག་ཤེས་བཟོ་ཁང་འཛུགས་སྐབས་མོ་ལག་ཤེས་རྩལ་ནུས་གསོ་སྦྱོང་ནང་ཞུགས་ཡོད། ད་བར་ལོ་ངོ7རིང་གི་ལག་ཤེས་འཚེམ་བཟོའི་ཉམས་མྱོང་ཡོད་པ་དང་ཡོང་འབབ་བརྟན་པོ་ཡོད་པས་ཕྲུ་གུ་སློབ་གྲྭར་གཏོང་བ་དང་ཁྱིམ་གྱི་རྒྱུན་གཏན་འཚོ་བར་ཡར་རྒྱས་ཆེན་པོ་བྱུང་ཡོད་པས། མོས་བུ་ཕྲུག་སློབ་གྲྭར་སྐྱེལ་བ་དང་ཁྱིམ་མའི་འཚོ་བའི་འགྲོ་སོང་སོགས་ལ་སྐྲག་མི་དགོས་པར་གྱུར་ཡོད། ད་ལྟ་མོ་ནི་ལག་ཤེས་བཟོ་ཁང་གི་ཐོན་རྫས་ཀྱི་རྐང་འཛིན་ལག་རྩལ་པ་ཞིག་ཡིན་པ་དང་ཟླ་རེར་སྒོར་ཁྲི2ཡས་མས་ཀྱི་ཐོན་རྫས་ཚོང་ཟོག་སྤྲོད་ཚད་ལེགས་གྲུབ་ཐུབ་ལ་ཚོང་ཟོག་སྤྲོད་ཚད་མཐོ་ཤོས་ཀྱི་ལག་རྩལ་པ་ཞིག་ཀྱང་ཡིན་ཞིང་། ངེད་སྤྱི་གཉེར་ཁང་གི་རྐང་འཛིན་མི་སྣ་གཙོ་བོ་ཞིག་ཡིན་ལ་ལག་ཤེས་ཐོན་རྫས་གསར་བསྐྲུན་ལ་བྱས་རྗེས་ཆེན་པོ་ཡོད་མཁན་ཞིག་ཀྱང་ཡིན་ཞེས་བཤད་བྱུང་།

འབའ་ལུང་རྫོང་ཡུང་ཁྲུན་ཡུལ་ཤོག་ནས་ཡོང་བའི་ལག་ཤེས་བཟོ་ཁང་གི་ཕྱིར་འཚོང་མཁན་ཞུས་ཝེ་ཆིའུ་ཡིས་ད་ལོ་ནི་ང་རང་ལག་ཤེས་འཚེམ་བཟོའི་ནང་ཞུགས་པའི་ལོ12པ་ཡིན། ད་ལྟ་ངས་ལག་ཤེས་བཟོ་ཁང་གི་ཕྱིར་འཚོང་མཁན་བྱེད་ཞོར། ཚོང་ཁང་སྲུང་བའི་ཁོམ་ལོང་གི་དུས་ཚོད་ནང་ངས་ད་དུང་ལག་ཤེས་ཐོན་རྫས་སྣ་ཚོགས་འཚེམ་བཟོ་བྱེད་བཞིན་ཡོད་པས། ངས་གླ་ཕོགས་གཉིས་བླངས་པ་དང་མཚུངས་པ་རེད་ཅེས་དགའ་དགའ་སྤྲོ་སྤྲོའི་ངང་བཤད་བྱུང་།

ལོ་གང་མང་རིང་བོད་འབྲེལ་ས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་ཕྱིན་པ་དང་རིག་གནས་ཡུལ་སྐོར་ཐོན་ལས་ཕྱོགས་སྒྱུར་རིམ་སྤོར་བྱུང་བ་དང་ཆབས་ཅིག་སྤྱི་ཚོགས་ཁེ་ལས་དང་དེ་བཞིན་སྤྱི་ཕན་རྩ་འཛུགས་ཀྱིས་རྒྱུན་མཐུད་འབད་བརྩོན་བྱས་པར་བརྟེན་བོད་ཀྱི་ས་གནས་རང་གི་སྐྱེས་མ་དེ་བས་མང་བ་ཞིག་ལ་རང་གི་ལག་ཟུང་ལ་བརྟེན་ནས་རང་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཀྱི་གདམ་ག་བྱེད་པའི་གོ་སྐབས་བྱུང་ནས་ཕྱོགས་གཅིག་ནས་ཁྱིམ་ཚང་ལ་ལྟ་རྟོག་བྱེད་པ་དང་ཕྱོགས་གཞན་ཞིག་ནས་ཡོང་སྒོ་འཚོལ་བའི་བསམ་འདུན་མངོན་འགྱུར་བྱུང་ཡོད་པ་རེད།། ( པདྨ་མཚོ་དང་ཚེ་རིང་ལྷ་མོས་བྲིས་ཤིང་པར་བླངས།)