国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་རེ་བདུན་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)

ནས་ཇི་ལྟར་རྨོད་འདེབས་བྱེད་ཚུལ་གྱི་རིམ་པ་ལ། སྦགས་བཙོག་མེད་ཅིང་འབྱུང་བ་ལ་འཕྲོད་པའི་ནས་རྨོད་འདེབས་དང་ཁོར་ཡུག་ལ་མི་གནོད་ཅིང་ཐོན་སྐྱེད་འབྲས་བུ་མཐོན་པོ་འབྱུང་བའི་ཞིང་ལས་སོ་ནམ་བྱེད་པ་ལ་ལོ་ཏོག་བརྗེ་རེས་བྱས་ནས་བཏབ་པ་དང་། རྫས་འགྱུར་གྱི་ལུད་ཚད་ཇེ་ཉུང་དང་ཕན་འབྲས་ཇེ་བཟང་དུ་གཏང་བ། ནད་དང་འབུ་དགྲ་སོགས་ལོ་ཏོག་ལ་གནོད་སྐྱོན་མེད་པའི་སྒོ་ནས་འགོག་པ་སོགས་ནི་བྱེད་ཐབས་གཙོ་ཆེན་པོ་ཡིན། ནས་འབྲུ་ལ་སྦགས་བཙོག་མི་ཤོར་ཞིང་སོ་ནམ་ལ་འབྲས་བུ་བཟང་པོ་ཐོན་པའི་སོ་ནམ་ལ་ལས་རིམ་འདི་དག་གནད་འགག་ཆེ་བ་སྟེ།

དང་པོ་ལོ་ཏོག་སྔ་མ་གང་བཏབ་མྱོང་བ་ལ་བལྟ་དགོས། སྤྱིར་བཏང་ནས་ནི་སྔ་མར་བཏབ་པའི་ལོ་ཏོག་ཀུན་གྱི་རྗེས་སུ་གདབ་ཆོག་པ་ཞིག་ཡིན་ཡང་། ནས་རྗེས་ནས་བཏབ་ན་ས་བཅུད་འགྲོ་སོང་ཆེ་བ་དང་། ནད་དང་འབུ་དགྲས་གནོད་པ་མང་བ། ལོ་ཏོག་གི་འབྲས་བུ་སྤུས་ཀ་ཞན་ཞིང་ཡོང་འབབ་ཉུང་བ་སོགས་ཀྱི་གནོད་པ་ཡོད་པས་ཡང་ནས་མ་བྱེད་ན་བཟང་། རབ་ཏུ་བྱུང་ན་ནས་ཀྱི་སྔོན་ལ་བཏབ་པའི་ལོ་ཏོག་ལ་མ་རྨོས་ལོ་ཏོག་དང་། པད་ཁ། ཞོག་ཁོག། སྲན་མའི་རིགས་ལྟ་བུ་རྣམས་བཟང་སྟེ།