རྫས་འགྱུར་ལྷད་ཀྱི་མ་བརྫད་ཡུལ་གཙང་ལ།།
ནང་བཅུད་ཕུན་སུམ་ཚོགས་པའི་ཞིང་གཙང་མ།།
བཙལ་ན་རྙེད་པར་ཁག་པའི་དཀར་མཛེས་སྐྱིད།།
ཀྲུང་གོའི་རྒྱལ་ཁབ་ནང་ན་བ་དན་ཆེ།།
མི་གཞི་བརྟན་པོའི་ཁྲིམས་མཐུན་ལས་ལ་བརྩོན།།
འཇོན་ཐང་ཅན་གྱི་མི་བུ་སྐད་གྲགས་ཆེ།།
དཀར་མཛེས་ཁུལ་ན་ཤེས་འཇོན་གཉིས་ལྡན་གྱི།།
སྐྱེས་བུ་དུ་མ་ཡོད་པ་ར་སྤྲོད་ཐུབ།།
གསུམ་གཅིག་བརྒྱད་ཀྱི་སྣུམ་ལམ་བརྒྱུད་དེ་ནི།།
ཡུལ་སྐོར་མི་སྣ་དུ་མ་ཇེ་མོད་ཆགས།།
རང་ཁུལ་འཛམ་བུ་གླིང་ལ་གྲགས་པ་འབར།།
མ་རྨད་དར་ཞིང་རྒྱས་སོ་ངོ་མཚར་ཆེ།།
འཛུགས་སྐྲུན་སྤུས་ལེགས་ཡུལ་ཀུན་བྱས་པ་དང་།།
མི་བུ་སེམས་པ་བརྟན་པའི་ནུས་པ་ཐོན།།
ཤེས་ཡོན་སློབ་གཉེར་བྱེད་སའི་སློབ་གྲྭ་མང་།།
ལྷག་བསམ་དུང་ལྟར་དཀར་བའི་དགེ་རྒན་མོད།།
བདེ་ཐང་ལས་ལ་དམིགས་ནས་རང་ཁུལ་ན།།
ཁྲིམས་མཐུན་སྨན་ཁང་རིམ་པ་རིམ་བཞིན་སྤོ།།
ལག་ཁྱེར་ཚད་ལྡན་སྨན་པ་ཇེ་མོད་ཆགས།།
ནད་ཀུན་དཀའ་ཁག་མེད་པར་བཅོས་སོ་རྨད།།
མདོར་ན་ལོ་ངོ་བདུན་ཅུ་དོན་ལྔའི་ནང་།།
དཀར་མཛེས་རང་རྒྱལ་ནང་གི་མིག་དཔེར་གྱུར།།
འཆམ་མཐུན་རང་ཁུལ་དར་ཞིང་རྒྱས་པ་འདི།།
དཔོན་དང་འཇོན་མི་དག་གི་བཀའ་དྲིན་ལེགས།།
༼ འབྲོང་ངམ་ར་ཧོར་བ། ༽