ཧོ་པེ་ཞིང་ཆེན་ཧྲི་ཅ་ཀྲོང་ཞིན་ལེ་གྲོང་ཁྱེར་མིང་ཧྲེང་ཁྲོམ་ལམ་གྱི་སློབ་ཆུང་དུ་དང་བླངས་པས་སློབ་མར་གློ་སྙིང་སླར་སོས་ཀྱི་མྱུར་སྐྱོབ་ཤེས་བྱ་སློབ་བཞིན་པ།
ཀྲེ་ཅང་ཞིང་ཆེན་ཝུའུ་དབྱི་རྫོང་མེ་གསོད་རུ་ཆེན་གྱི་རོགས་སྐྱོབ་མི་སྣས་ཝུའུ་དབྱི་རྫོང་ཚོད་ལྟའི་སློབ་ཆུང་གི་སློབ་མར་སྲོག་སྐྱོབ་ཐག་པའི་སྤྱོད་སྟངས་འཆད་བཞིན་པ།
ཅང་སུའུ་ཞིང་ཆེན་ཞུས་ཀྲོའུ་གྲོང་ཁྱེར་ཞའོ་ཞང་ལམ་སློབ་གྲྭའི་སློབ་མས་གནོད་འགོག་གནོད་བསྙུང་ཚན་རིག་ཁྱབ་སྤེལ་རྟེན་གཞིར་ཉེན་ཡོལ་མཚོན་རྟགས་རྒྱུས་ལོན་བྱེད་བཞིན་པ།
ཧེ་ལུང་ཅང་ཞིང་ཆེན་ཏ་ཆིང་གྲོང་ཁྱེར་དུ་རྒྱལ་ཁབ་མེ་གསོད་རོགས་སྐྱོབ་ཅུས་ཏ་ཆིང་མཁའ་འགྲུལ་རོགས་སྐྱོབ་རུ་ཁག་གི་མེ་གསོད་མི་སྣས་མི་རྣམས་ལ་མེ་གསོད་སྟངས་སྟོན་བཞིན་པ།
རོགས་སྐྱོབ་མི་སྣ་ཨན་ཧུའེ་ཞིང་ཆེན་ཧོའེ་པེ་གྲོང་ཁྱེར་ལུའུ་ཅིན་མཚེའུ་རུ་ཆུ་ཐོག་རོགས་སྐྱོབ་གྲབས་སྦྱོང་དུ་ཞུགས་བཞིན་པ།
ཅང་སུའུ་ཞིང་ཆེན་ཧའེ་ཨན་གྲོང་ཁྱེར་ཏུན་ཐོའུ་གྲོང་རྡལ་སློབ་ཆུང་སློབ་གསོ་ཚོགས་པ་ཅི་ཆིང་སློབ་ཁུལ་གྱི་སློབ་མས་གནོད་འགོག་གནོད་བསྙུང་གི་དཔེ་དེབ་ཀློག་བཞིན་པ།
ཧྲན་ཏུང་ཞིང་ཆེན་པིན་ཀྲོའུ་གྲོང་ཁྱེར་དབྱང་ཤིན་རྫོང་ལའོ་ཏེན་གྲོང་རྡལ་ཚན་རིག་ཁྱབ་སྤེལ་སློབ་གསོ་ཚོམས་ཆེན་དུ་ཕྲུ་གུ་ཚོས་མེ་གསོད་རོགས་སྐྱོབ་རུ་མིའི་མཛུབ་ཁྲིད་འོག་མེ་གསོད་སྦྱོང་བརྡར་ལད་ཟློས་བྱེད་བཞིན་པ།
སྤྱི་ཟླ5པའི་ཚེས12ཉིན་ནི་རྒྱལ་ཡོངས་ཀྱི་གནོད་འགོག་གནོད་བསྙུང་ཉིན་མོ17པ་ཡིན་ཞིང་། ཉེ་ཆར། རང་རྒྱལ་ས་གནས་ཁག་གིས་གནོད་འགོག་གནོད་བསྙུང་གི་དྲིལ་བསྒྲགས་སློབ་གསོ་དང་གྲབས་སྦྱོང་གསོ་སྦྱོང་བྱེད་སྒོ་སྣ་མང་སྤེལ་ཏེ། མི་རྣམས་ཀྱི་ཚན་རིག་དང་མཐུན་པའི་གནོད་འགོག་འདུ་ཤེས་དང་གནོད་འཚེའི་ཉེན་འགོག་རང་སྐྱོབ་ནུས་པ་ཆེ་རུ་བཏང་བ་རེད།།