国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སེར་ཤུལ་རྫོང་གིས་ཤིང་སྡོང་བཙུགས་ནས་གཙང་པོའི་འབྱུང་ཁུངས་སྲུང་།

ཉེ་ཆར། སེར་ཤུལ་རྫོང་གིས་མཐོ་སྒང་ལ་ལྗང་མདོག་བསྐྲུན། གཙང་པོ་ཡི་འབྱུང་ཁུངས་སྲུང་ཞེས་པ་གཙོ་དོན་དུ་བྱས་པའི་དམངས་ཡོངས་ཀྱི་འོས་འགན་སྡོང་འཛུགས་བྱེད་སྒོ་སྤེལ་བ་རེད། རྫོང་རིམ་པའི་འབྲེལ་ཡོད་མགོ་ཁྲིད་དང་ལོ་ཕྱུག་གྲོང་རྡལ་གྱི་ལས་བྱེད་པ། ལོ་ཕྱུག་གྲོང་རྡལ་གྱི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་འཐུས་མི600ལྷག་ལོ་ཕྱུག་གྲོང་རྡལ་དུ་འཛོམས་ནས་ས་གཞི་ཆེན་པོར་ལྗང་མདོག་བསྐྲུན་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱས་པ་རེད།

བྱེད་སྒོར་ཚང་མས་ལས་བགོས་ལྟར་ས་དོང་བརྐོས་པ་དང་ཆུ་འདྲེན་པ་སོགས་བྱས་ཏེ་གསོམ་ཤིང་སྡོང་ཕྲུག་ཁྱོན་བསྡོམས1020བཙུགས་ཡོད་པ་རེད། བྱེད་སྒོར་ཞུགས་པའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཐེངས་འདིའི་བྱེད་སྒོ་བརྒྱུད་དེ་ལྗང་མདོག་འཕེལ་རྒྱས་ཀྱི་དོན་སྙིང་གལ་ཆེན་ཤེས་རྟོགས་དཔྱིས་ཕྱིན་བྱུང་བས། རྗེས་མར་སྐྱེ་ཁམས་འཛུགས་སྐྲུན་ལ་མུ་མཐུད་དེ་ཞུགས་ནས་རི་སྔོ་ཆུ་དྭངས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད་པ་རེད།

ད་ཐེངས་ཀྱི་འོས་འགན་ཤིང་འཛུགས་བྱེད་སྒོ་བརྒྱུད་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་གསོན་ཤུགས་གསར་པ་བསྣན་པར་མ་ཟད། སྐྱེ་ཁམས་དཔལ་ཡོན་གྱི་ས་བོན་བཏབ་ནས་མཛེས་སྡུག་ལྡན་པའི་ཁྱིམ་གཞིས་ཐུན་མོང་ཐོག་བསྐྲུན་པ་རེད།( དཔལ་བཟང་གིས་བྲིས་ཤིང་པར་བླངས།)