国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་རེ་དགུ་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)(གསུམ་པ། )འབྲུ་རིགས་ནས་ཀྱི་རྫས་བཅུད་གྲུབ་ཆ་ལ། དེང་གི་ཁུངས་བཙུན་པའི་ཞིབ་འཇུག་སྣ་ཚོགས་ལས་ནས་ཀྱི་རྫས་བཅུད་གྲུབ་ཆར་མིའི་ལུས་ཕུང་བདེ་ཐང་ཚེ་རིང་ལ་ཕན་ཐོགས་ཡོད་པའི་འཚོ་བཅུད་རྣམ་གྲངས་མང་པོ་འདུས་ཡོད་པར་མ་ཟད། འདུས་སྟངས་གནས་ལུགས་དང་མཐུན་པར་ཡོད་པ་གསལ་པོར་མངོན་ལ། ཡང་སྒོས་སུ་མང་པ་གསུམ་དང་ཉུང་བ་གཉིས་ཞེས་སྤྲི་དཀར་དང་། ཚི་སྣའི་གཞི་རྒྱུ། ཝེ་འཚོ་རྒྱུ་གསུམ་པོ་མང་པོ་འདུས་པ་དང་། ཚི་ལུའམ་ཞག་རྩི་དང་མངར་རྫས་གཉིས་པོ་འདུས་ཉུང་བའི་ཡོན་ཏན་ལྡན་པ་ནི་ནས་ཀྱི་ཁྱད་ཆོས་ཡོངས་སུ་གྲགས་པར་གྱུར་ཟིན། དེ་ཡང་ནས་འབྲུ་ནི་འཚོ་བཅུད་ཕུན་སུམ་ཚོགས་ཤིང་ལུས་ཕུང་གསོ་བའི་འཚོ་བཅུད་རིན་ཐང་དང་ལུས་ནད་བཅོས་པའི་སྨན་གྱི་རིན་ཐང་ཤིན་ཏུ་མཐོན་པོ་ཡོད་པའི་འབྲུ་རིགས་ཀུན་ལས་མཆོག་ཏུ་ཕྱིན་པ་ཞིག་སྟེ། རྒྱུན་དུ་ཟོས་ན་ལུས་ཀྱི་འཚོ་བཅུད་མི་འདང་བའི་ནད་སྐྱོན་གྱི་གནད་དོན་ལེགས་པར་ཐག་གཅད་ཐུབ། ནས་འབྲུར་ཚི་སྣའི་རྒྱུ་འདུས་ཚད་བརྒྱ་ཆ་གཅིག་ཚེག་བརྒྱད་དུ་ཟིན་ཞིང་གྲོ་མ་གཏོགས་པའི་འབྲུ་རིགས་གཞན་པ་ཀུན་ལས་མཐོ་བར་མ་ཟད། གཏེར་རྒྱུ་དང་ཝེ་འཚོ་རྒྱུ་ཡི་འདུས་ཚད་ཀྱང་འབྲུ་རིགས་གཞན་པ་ཀུན་ལས་མཐོ་བ་དང་། མངར་ཆའི་རྫས་འདུས་ཚད་འབྲུ་རིགས་གཞན་པ་ཀུན་ལས་དམའ་ཞིང་ཞག་རྩི་འདུས་ཚད་དམའ་ཤོས་ཀྱི་འབྲུ་ཡི་གྲས་སུ་ཚུད་ཡོད། དཔེར་ན། འཚོ་བཅུད་གཞི་རྒྱུ་གཙོ་བོ་རྣམས་ཀྱི་འདུས་ཚད་ལ། ནས་ཁེ་བརྒྱ་ ( ༡༠༠g ) རེ་རུ་ཚ་ཚད་ཁཱ་སུམ་བརྒྱ་ཞེ་གཉིས་ (༣༤༢)དང་། སྤྲི་དཀར་རྫས་ཁེ་བརྒྱད་ཚེག་གཅིག་( ༨.༡ g )སྟེ་འདུས་ཚད་གྲོ་ལས་ལྡབ་གཅིག་ཚེག་གཅིག་མཐོ་བ་དང་མ་རྨོས་ལོ་ཏོག་ལས་ལྡབ་གཅིག་ཚེག་གཉིས་མཐོ་བ། ཞག་རྩི་ཁེ་གཅིག་ཚེག་ལྔ་(༡.༥ g )། ཐན་ཆུའི་འདྲེས་སྦྱོར་དངོས་རྫས་ཁེ་བདུན་ཅུ་དོན་ལྔ་(༧༥ g )། བཟའ་བཅའི་ཚི་སྣ་ཁེ་གཅིག་ཚེག་བརྒྱད་(༡.༨ g )