国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཞིང་གི་བསྟན་བཅོས་སོ་ནམ་རྒན་པའི་ལག་རྗེས་ཀྱི་ཚན་པ་མཐོ་སྒང་ཡུལ་དུ་སྲན་ནས་ཞོག་ཁོག་གསུམ་པོའི་རྨོད་འདེབས་བྱེད་ཚུལ།

དེ་འདུས་ཚོད་གྲོ་ལས་ལྡབ་བཅུ་ཚེག་བརྒྱད་མཐོ་བ་དང་མ་རྨོས་ལོ་ཏོག་ལས་ལྡབ་བཞི་ཚེག་གསུམ་མཐོ་བ་བཅས་ལྟ་བུ། དེར་ཨིན་རྨང་སྐྱུར་རིགས་མི་འདྲ་བ་བཅོ་བརྒྱད་(༡༨)འདུས་ཤིང་ལྷག་པར་དུ་མིའི་ལུས་ཕུང་ལ་མཁོ་དགོས་ཆེ་བའི་ཨིན་རྨང་སྐྱུར་གྱི་རྣམ་གྲངས་ཅུང་འཐུས་ཚང་པས་རྒྱུན་དུ་ཟོས་ན་གཟུགས་ཕུང་ལ་ཉིན་རེ་བཞིན་དུ་དགོས་པའི་ཨིན་རྨང་སྐྱུར་ཁ་སྐོང་པ་ལ་ཕན་ཐོགས་ཆེན་པོ་ལྡན་ཡོད། དེར་ཟངས་དང་། མྭན། ཏི་ཚ། ལྕགས། མོལ་སོགས་ཚད་ཕྲན་གཞི་རྒྱུ་རིགས་བཅུ་གཉིས(༡༢)འདུས་ཡོད། གཏེར་རྫས་ཀྱི་གཞི་རྒྱུའི་རྣམ་གྲངས་ཅུང་འཐུས་ཚང་ལ་འདུས་ཚད་མང་ཉུང་ཡང་འབྲུ་རིགས་གཞན་ཀུན་ལས་ཕུན་སུམ་ཚོགས་པ་སྟེ། དཔེར་ན། ནས་ཁེ་བརྒྱ་ (༡༠༠g ) རེ་རུ་གཏེར་རྒྱུ་ཀལ་ཧའོ་ཁེ་བརྒྱ་དང་བཅུ་གསུམ(༡༡༣ ㎎)། ལིན་ཧའོ་ཁེ་བཞི་བརྒྱ་དང་ལྔ་( ༤༠༥ ㎎ )ཅྭ་ཧའོ་ཁེ་དྲུག་བརྒྱ་ཞེ་བཞི་(༦༤༤ ㎎ )མཱེ་ཧའོ་ཁེ་དྲུག་ཅུ་རེ་ལྔ་( ༦༥ ㎎ )། ལྕགས་ཧའོ་ཁེ་བཞི་བཅུ་དང་ཚེག་བདུན་ ( ༤༠ .༧ ㎎ )། ཏི་ཚ་ཧའོ་ཁེ་གཉིས་ཚེག་སུམ་བརྒྱད་(༢.༣༨ ㎎ )། ནཱ་ཧའོ་ཁེ་དོན་བདུན་( ༧༧㎎ )།མཱེ་ཧའོ་ཁེ་རེ་ལྔ་(༦༥㎎ )། ལྕགས་ཧའོ་ཁེ་བཞི་བཅུ་དང་ཚེག་བདུན་(༤༠.༧㎎ )སོགས་ཡོད་པ་ལྟ་བུ། ནས་འབྲུར་བཟའ་བཅའི་ཚིན་རྒྱུ་འདུས་ཚད་ཤིན་ཏུ་མཐོན་པོ་སྟེ་ཕལ་ཆེར་བརྒྱ་ཆ་བཅུ་དྲུག་ཡན་མན་ལ་སླེབས་ཤིང་སྨན་གྱི་ནུས་པ་ཡོད་པའི་ཚི་སྣ་སྤྱི་དང་སྨན་གྱི་ནུས་པ་ཡོད་པའི་ཚི་སྣ་ཞུ་རུང་བ་ཚང་མ་འབྲུ་ཡི་རིགས་གཞན་ལས་འདུས་ཚད་མཐོ། འདུས་པའི་བཟའ་བཅའི་ཚི་སྣ་གཙོ་བོ་ནི་β-རྒུན་འདུས་ཧྭགས་(β-葡聚糖)དང་AXཞེས་པ་གཉིས་ཡིན་ཞིང་བཟའ་བཅའི་ཚི་སྣ་ལ་རྒྱུ་མ་གཙང་སེལ་བྱེད་པ་དང་། བཤང་བ་འབྱིན་པ། ལུས་ཀྱི་དུག་རྒྱུ་སེལ་བ་སོགས་ཀྱི་བྱེད་ནུས་ཡོད་པས་དེ་ནི་མི་ཡི་ལུས་པོའི་འཇུ་བྱེད་མ་ལག་གི་ལམ་གཙང་སྦྲ་བྱེད་མཁན་ལྟ་བུར་གྱུར་ཡོད། β-རྒུན་འདུས་ཧྭགས་མང་པོ་འདུས་པ་ནི་ནས་འབྲུ་ཡི་ཁྱད་དུ་འཕགས་པའི་ཡོན་ཏན་ཆེན་པོ་ཞིག་སྟེ། དེ་ནི་ཕིང་རྩམ་གྱི་རིགས་མ་ཡིན་པའི་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་མངར་ཆ་དང་ཞག་རྩི་ཉུང་བའི་ཁོངས་སུ་གཏོགས་པའི་དངོས་པོ་ཞིག་ཡིན། དེ་ལ་མིའི་རིགས་ཀྱི་ནད་རིགས་རྣམ་གྲངས་མང་པོ་ལ་ཐུན་མོང་མ་ཡིན་པའི་སྨན་བཅོས་ནུས་པ་ཡོད་པ་དཔེར་ན། ཞིབ་འཇུག་བྱས་པ་ལས་β-རྒུན་འདུས་ཧྭགས་ལ་ཁྲག་སྤྲིའམ་ཁྲག་ཚིལ་གཅོག་པ་དང་། མཁྲིས་རྒྱུ་གཤེར་རྩི་(མཁྲིས་ཟུངས་ཕྲུན་ཡང་ཟེར)གཅོག་པ། སྙིང་རྩའི་ནད་རིགས་འགོག་པ། ཁྲག་གི་མངར་ཆ་འབེབས་པ། རིམས་འགོག་ནུས་ཤུགས་(རིམས་ཐར་ནུས་ཤུགས་ཡང་ཟེར་འདུག )ཇེ་མཐོར་གཏོང་བ། སྐྲན་ནད་ཟློག་པ་སོགས་ཀྱི་བྱེད་ནུས་ཡོད་པ་གསལ་པོ་ཤེས་ཡོད་པ་དང་། གསོ་རིག་ཞིབ་འཇུག་གི་ཐད་ནས་དེ་ལ་སྐྲན་དང་། མཆིན་ཚད། གཅིན་པ་མངར་གྱུར་གྱི་ནད་སོགས་བཅོས་དཀའ་བའི་ནད་རིགས་བཅོས་པའི་བྱེད་ནུས་ཡག་པོ་ཡོད་པ་ར་འཕྲོད་ཟིན་པ་ལྟ་བུ། ནས་ནི་འཇིག་རྟེན་ན་རང་དང་རིགས་མཐུན་པའི་འབྲུ་རིགས་ཡོངས་སུ་རྫོགས་པ་ལས་β-རྒུན་འདུས་ཧྭགས་ཀྱི་འདུས་ཚད་མཐོ་ཤོས་དེ་ཡིན་ཞིང་ཆེས་མཐོ་བ་ལ་བརྒྱ་ཆ་དགུ་ལ་ཉེ་ཡོད་པ་སྟེ། གྲོའི་འདུས་ཚད་ལས་ལྡབ་ལྔ་བཅུ་ཡན་དང་འབྲས་ཀྱི་འདུས་ཚད་ལས་ལྡབ་བཅུ་ཕྲག་འགའ་ཞིག་མཐོ་བ་ཡིན། སྤྱིར་བཏང་འབྲུ་རིགས་ཕལ་བ་རྣམས་དང་འབྲས་གྲོ་ཕྱེ་སོགས་རྒྱུན་ཟས་གཙོ་བོ་གཉིས་ཀྱི་བར་དུ་ཕན་ཚུན་འཚོ་བཅུད་གཞི་རྒྱུ་དང་ཝེ་འཚོ་རྒྱུ་དང་གཏེར་རྒྱུ་སོགས་གང་མང་བསྡུར་ན། ཚ་ཚད་དང་ཐན་ཆུའི་འདྲེས་སྦྱོར་དངོས་རྫས་སོགས་ཀྱི་ཐད་ནས་ཁྱད་པར་ཧ་ཅང་གསལ་པོ་མེད་ཀྱང་། མི་ལུས་ལ་ངེས་པར་དུ་མཁོ་དགོས་ཆེ་བའི་ཀལ་དང་། ཅྭ། ལྕགས་སོགས་གཏེར་རྒྱུ་ཕྱོགས་ནས་འབྲུ་རིགས་ཕལ་བ་རྣམས་འབྲས་དང་གྲོ་ལས་ཁྱད་པར་རིང་དུ་འཕགས་ཡོད། ཡིན་ན་ཡང་འབྲི་རིགས་ཕལ་བའི་ཕན་ཚུན་བར་དུ་གཅིག་ཚབ་གཅིག་གིས་བྱེད་ཆོག་པ་ཡིན། ནས་ནི་β-རྒུན་འདུས་ཧྭགས་འདུས་ཚད་འབྲུ་རིགས་ཀུན་ལས་མཐོ་བར་མ་ཟད། གཏེར་རྒྱུ་འདུས་ཚད་ཀྱང་འབྲུ་རིགས་དེ་དག་ཀུན་ཀྱི་རྩེ་མོར་ཕྱིན་ཡོད། གཞན་ཡང་ནས་འབྲུར་བཟའ་བཅའི་ཚི་སྣ་(AX)ཞེས་པ་ཤིན་ཏུ་ཕུན་སུམ་ཚོགས་པར་འདུས་ཤིང་དེས་མི་ལུས་ཀྱི་རིམས་ཐར་ནུས་ཤུགས་འཕེལ་རྒྱས་གཏང་ཐུབ་ཅིང་། ϒ-ཨིན་རྨང་སྐྱུར་(ϒ-氨基酸)ཕུན་སུམ་ཚོགས་པ་འདུས་ཡོད་པས་མིའི་བདེ་ཐང་ལ་ཕན་ཆེན་པོ་ཐོགས་པ་དང་། ཐཱོན་སེར་རིགས་ཀྱི་རྫས་ཆ་དང་ཕིང་རྩམ་གྱི་རྩབས་སོགས་རྩབས་ཀྱི་མ་ལག་ཆ་ཚང་བ་འདུས་པ་སོགས་ཀྱི་ཧ་ཅང་ཡོན་ཏན་མང་། དེ་བས་ནས་ནི་འཚོ་བཅུད་ཆ་མཉམ་པའི་ཁྱད་ཆོས་འབུར་དུ་ཐོན་པ་མཆིས་ཤིང་མིའི་བདེ་ཐང་ལ་ཟས་སྨན་གཉིས་ཀྱི་ཕན་པ་གཞན་ལས་ལྷག་པ་ཡོད་པའི་འབྲུ་རིགས་གཞན་གྱིས་འཐུས་ཚབ་བྱེད་ཐབས་བྲལ་བ་ཞིག་གོ།

( བཞི་པ། ) ནས་ཀྱི་བྱེད་ནུས་ཁྱད་པར་བ། ནས་ཀྱི་ནང་ལ་β-རྒུན་འདུས་ཧྭགས། ཨ་རབ་ཤིང་མང་ཧྭགས། ཧྥུན་མང་(多酚) སོགས་འཚོ་བཅུད་བྱེད་ནུས་ཆེན་པོའི་གྲུབ་རྫས་རིགས་སྣ་ཚོགས་ཕུན་སུམ་ཚོགས་པ་འདུས་ཡོད་པས་ནས་ཀྱི་བཟའ་བཏུང་ལ་སྐྲན་ནད་སྔོན་འགོག་བྱེད་པ་དང་། ཁྲག་གི་མངར་ཆ་མཐོ་བ། ཁྲག་སྤྲི་མཐོ་བ། ཁྲག་ཤེད་མཐོ་བ་གསུམ་པོ་མར་གཅོག་པ། གཉན་ཚད་འགོག་པ། རིམས་ཐར་ནུས་ཤུགས་སྙོམ་སྒྲིག་བྱེད་པ། ཐང་ཆད་པའི་ནད་འགོག་པ། གླེན་ནད་གསོ་ཞིང་བློ་རིག་གསལ་བ། རྒ་བ་འགོག་པ། རྒྱུ་མ་གཙང་མ་བྱེད་པ། སྙིང་རྩའི་ནད་སྔོན་འགོག་བྱེད་པ་ལ་སོགས་པའི་ཕན་ནུས་ཁྱད་པར་བ་ཡོད་དོ། །

དེ་ཡང་མིའི་རིགས་ཀྱིས་དེ་སྔོན་ཕན་ཆད་ཞིབ་འཇུག་སྣ་ཚོགས་པ་ལས་ནས་ཀྱི་ནང་དུ་β-རྒུན་འདུས་ཧྭགས་དང་། β-D-རྒུན་འདུས་ཧྭགས། ཧྥུན་མང་། ཐིད་ལྟ་བུ་སོགས་མི་ལུས་ཀྱི་རྩམ་ལོང་དང་། མཆིན་པ། གློ་བ། ནུ་མ། པགས་པ་སོགས་ཀྱི་འབྲས་སྐྲན་སྔོན་འགོག་བྱེད་ཐུབ་པའི་འཚོ་བཅུད་དངོས་རྫས་རིགས་མང་པོ་འདུས་པ་མཐོང་ཟིན་ལ་ད་དུང་ཡང་མུ་མཐུད་དེ་ཞིབ་འཇུག་བྱས་ནས་དེ་ལས་མང་བ་ཡོད་པའི་གདེང་ཚོད་བྱེད་བཞིན་ཡོད་དོ། །

གཅིན་པ་མངར་གྱུར་གྱི་ནད་ནི་དེང་གི་སྤྱི་ཚོགས་སུ་འཛམ་བུ་གླིང་གི་མིའི་བདེ་ཐང་ལ་གནོད་པ་སྐྱེལ་བཞིན་ཡོད་པའི་གནད་དོན་ཚབས་ཆེན་པོ་ཞིག་ཏུ་གྱུར་པ་སྟེ། གནས་འཕྲིན་ལས་ཉིས་སྟོང་བཅུ་ལོར་འཛམ་གླིང་ལ་ནད་དེ་ལྡན་པའི་ནད་པ་དུང་ཕྱུར་གསུམ་དང་བྱེ་བ་དྲུག་ས་ཡ་དྲུག་ཡོད་ཅིང་རང་རྒྱལ་ལ་བྱེ་བ་དགུ་དང་ས་ཡ་གཉིས་ཡོད། ཉིས་སྟོང་བཅུ་གཅིག་ལོར་ནད་དེ་བཅོས་པ་ལ་འཛམ་བུ་གླིང་གིས་ཨ་མི་རི་ཀའི་སྒོར་མོ་དུང་ཕྱུར་བཞི་སྟོང་དྲུག་བརྒྱ་ལྔ་བཅུ་དང་རང་རྒྱལ་གྱིས་ཨ་སྒོར་དུར་ཕྱུར་ཉིས་བརྒྱ་ལྔ་བཅུ་བཏང་ཡོད་པར་བཤད། དེ་དང་ཁྲག་སྤྲི་མཐོན་པོ། ཁྲག་ཤེད་མཐོན་པོ་གསུམ་ཕན་ཚུན་གཅིག་གིས་གཅིག་ལ་ཤུགས་རྐྱེན་དང་བྱེད་ནུས་འདོན་པ་སྟེ། ཁྲག་གི་མངར་ཆ་ཡུན་རིང་མཐོ་ན་ཁྲག་སྤྲི་ཆགས་བདེ་ལ། ཁྲག་སྤྲི་ཆགས་པས་ཁྲག་ཤེད་མཐོ། ཁྲག་ཤེད་མཐོ་བས་ཁྲག་གི་མངར་ཆ་འཕེལ་བར་འགྱུར། ཉེ་བའི་ལོ་འགར་མི་ཚོས་ནས་ཀྱི་ནང་དུ་འདུས་པའི་β-རྒུན་འདུས་ཧྭགས་སོགས་གྲུབ་རྫས་དུ་མས་བཟའ་བཏུང་གཞན་གྱིས་བཀྱགས་པའི་ཁྲག་གི་མངར་ཆ་མར་གཅོག་ནུས་པའི་བདེན་དཔང་རྙེད་པ་སྟེ་དཔེར་ན། བཟའ་བཅའི་ནང་དུ་β-རྒུན་འདུས་ཧྭགས་ཁེ་ལྔ་བསྲེས་ན་ནད་པའི་ཁྲག་གི་མངར་ཆ་བརྒྱ་ཆ་ལྔ་བཅུ་མར་དབབ་ཐུབ་པ་ལྟ་བུ་དང་། དེ་བཞིན་ནས་ཀྱི་ནང་དུ་འདུས་པའི་ ϒ-ཨིན་རྨང་སྐྱུར་ང་པ་(GABA)། ཐཱོན་སེར་རིགས་ཀྱི་འདྲེས་འགྱུར་རྫས། ཧྥུན་མང་སོགས་ཀྱིས་ཀྱང་ནད་དེ་ལ་ཕན་བཞིན་ཡོད། དེ་བས་ནས་དང་ནས་ཀྱི་ཟས་ཆས་རྣམས་གཅིན་པ་མངར་གྱུར་གྱི་ནད་པ་ལ་འཕྲད་པའི་བཟའ་བཅར་འོས་སྦྱོར་བྱས་ཡོད་པར་མ་ཟད། རིགས་གཉིས་པའི་གཅིན་པ་མངར་གྱུར་གྱི་ནད་གསོ་བཅོས་བྱེད་པའི་སྨན་དུ་སྤྱོད་ཆོག་པའི་ཡིད་ཆེས་ཀྱང་བྱེད་བཞིན་ཡོད་དོ། ། ཤ་རྒྱགས་པ་ནི་སྙིང་རྩའི་ནད་དང་། ཁྲག་ཤེད་མཐོ་བ། གཅིན་པར་མངར་གྱུར་གྱི་ནད། འབྲས་སྐྲན་སོགས་ནད་རིགས་མང་པོ་དང་འབྲེལ་བ་ཡོད་པ་ཞིག་སྟེ། རྒྱལ་སྤྱི་འབྲེལ་ཡོད་ཚོགས་པས་འཛམ་གླིང་སྤྱིའི་རྒྱུན་ནད་གྲས་སུ་བཞག་ཟིན། དེང་སང་རྩིང་འབྲུའི་བཟའ་བཏུང་བཞེས་ན་ཤ་རྒྱགས་པའི་ཉེན་ཁ་ཇེ་དམའ་རུ་གཏང་ཐུབ་པའི་གཞི་འཛིན་གྲངས་ཀ་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་པས་རྩིང་འབྲུ་ཟ་བ་ནི་ཤ་རྒྱགས་པ་ཚོད་འཛིན་བྱེད་པའི་ཐབས་ཤེས་ཡག་པོ་ཞིག་ཡིན། མིའི་ལུས་ཕུང་ལ་མ་བརྟེན་པའི་ཞིབ་འཇུག་ལས་ཤ་རྒྱགས་པ་སྔོན་འགོག་དང་ཚོད་འཛིན་བྱེད་པ་ལ་ནས་ཁ་དོག་དཀར་པོའི་β-རྒུན་འདུས་ཧྭགས་ལས་ཀྱང་ནས་ཁ་དོག་ནག་པོ་དང་སྔོན་པོ་གཉིས་ཀྱི་β-རྒུན་འདུས་

ཧྭགས་ནུས་པ་ཆེ་བ་དང་། ནས་ཀྱི་གྲུབ་རྫས་འགའ་ཞིག་ལ་ད་དུང་ཁྲག་སྤྲི་མར་གཅག་པའི་ནུས་པ་ཡང་ཡོད་པ་ཤེས་ཟིན་ནོ།།

མཁྲིས་ཟུངས་ཕྲུན་མང་བ་ལ་མཆིན་པར་སྐྱོན་གཏང་བ་དང་། སྙིང་རྩའི་ནད་དང་ཀླད་རྩའི་ནད་ཀྱི་ཉེན་ཁ་འཕར་བ། ཁྲག་ཤེད་མཐོ་བ་ལྟ་བུའི་ནད་རིགས་གཞན་སྣེ་འདྲེན་པ་སོགས་ཀྱི་གནོད་པ་མང་པོ་ཡོད། བཟའ་བཅའི་ཚི་སྣ་ཡིས་ལྟོ་བ་འགྲངས་པའི་ཚོར་སྣང་འཕེལ་པ་དང་། སྙིང་རྩའི་ནད་དང་འབྲེལ་བ་ཡོད་པའི་ཉེན་ཁ་རྣམས་ཇེ་དམའ་རུ་གཏང་ཐུབ་པ། ཕོ་བ་དང་རྒྱུ་མའི་རིམས་འགོག་ནུས་ཤུགས་ཇེ་ཆེར་གཏང་ཐུབ་པ་རྣམས་ནི་ར་གསལ་པོར་འཕྲོད་ཟིན་པར་མ་ཟད། ཞིབ་འཇུག་རབ་དང་རིམ་པ་ལས། ནས་ལ་ཡོད་པའི་SDFཞེས་པའི་བཟའ་བཅའི་ཚི་སྣ་དེ་ལ་མཁྲིས་ཟུངས་ཕྲུན་ཇེ་ཉུང་གཏང་པའི་ནུས་པ་ལྡན་པ་དང་། ནུས་པ་ཐོན་པའི་རྒྱུད་རིམ་ད་དུང་གསལ་པོ་ངེས་ཐུབ་མེད་ཀྱང་β-རྒུན་འདུས་ཧྭགས་ལའང་མཁྲིས་ཟུངས་ཕྲུན་མར་གཅོག་པའི་ནུས་པ་ཡོད་པ་གསལ་པོར་ཤེས་ཟིན་ནོ། ། ཁྲག་ཤེད་མཐོ་བ་ནི་རྒྱུན་ལྡན་གྱི་ནད་རིགས་ནམ་རྒྱུན་མི་དར་མ་དང་རྒན་པོ་ལ་ཕོག་ཅིང་ནད་འདྲེན་པའི་རྒྱུ་རྐྱེན་བཅོས་ཆོག་པ་མ་རྙེད་ལ། ལོ་བགྲེས་པ་དང་། རུས་རྒྱུད་ལ་ཡོད་པ། ཤ་རྒྱགས་པ། རྙིང་འདོར་ཐད་ཀྱི་ནད་ལྡན་པ། སྐྱེ་བའི་དུས་ལུས་ཀྱི་ལྗིད་ཚད་དམའ་བ། རྒྱུན་དུ་ཆང་འཐུང་པ་དང་ཚྭ་མང་བའི་བཟའ་བཏུང་བཞེས་པའམ་དེ་དག་འཐུང་དང་ཟོས་དྲགས་པ། ལུས་ལ་འཚོ་བཅུད་མི་འདང་བ་རྣམས་སྣེ་འདྲེན་པའི་རྒྱུ་རྐྱེན་དུ་འགྲོ་བའི་ཉེན་ཁ་ལྡན་པ་ཞིག་རེད། ཉིས་སྟོང་བཅུ་ལོར་འཛམ་གླིང་དུ་ནད་པ་དུང་ཕྱུར་བཅོ་ལྔ་དང་རང་རྒྱལ་ལ་དུང་ཕྱུར་གཉིས་དང་བྱེ་བ་བདུན་ས་ཡ་ལྔ་ཡོད་པར་བཤད། ACEཞེས་པ་ལ་ཚད་འཛིན་བྱེད་པ་ནི་ཁྲག་ཤེད་མཐོ་བའི་ནད་སྨན་བཅོས་བྱེད་པའི་ཐབས་ཤེས་ཕན་འབྲས་ལྡན་པ་ཞིག་སྟེ། ཞིབ་འཇུག་སྣ་ཚོགས་ལས་ནས་ཀྱི་ནང་ལ་ཕུན་སུམ་ཚོགས་པ་འདུས་པའི་ཧྥུན་མང་ཞེས་པའི་རྫས་ཆ་དེ་ནི་ACEཚོད་འཛིན་སྐུལ་བའི་རྫས་རང་བྱུང་བ་ཞིག་ཡིན་པའི་ངེས་ཤེས་བྱུང་ལ། གཞན་ནས་ལ་འདུས་པའི་β-རྒུན་འདུས་ཧྭགས་སོགས་རྫས་ཆ་འགས་རིམས་འགོག་ནུས་ཤུགས་སྙོམ་སྒྲིག་བྱེད་བཞིན་ཡོད་པ་ཡང་གསལ་ལོ།། ངལ་བའི་ནད་དམ་ཐང་ཆད་པའི་ནད་ནི་རྒྱུན་དུ་མཐོང་བའི་ནད་ཀྱི་རྣམ་པ་ཞིག་སྟེ། འགུལ་སྤྱོད་བྱེད་དྲགས་པ་སོགས་རྒྱུ་རྐྱེན་སྣ་ཚོགས་ལས་འབྱུང་ལ། དེ་ལ་ལུས་པོའི་ཤ་རྒོད་ཀྱི་ལས་ཀ་སྒྲུབ་པའི་སྟོབས་ཤུགས་བརླག་པ་དང་། ལུས་པོའི་ནུས་ཚད་འབྱུང་ཁུངས་ཇེ་ཉུང་དུ་གཏང་བ། ལུས་པོའི་དུས་ཐོག་ཏུ་ཕྱིར་འདོར་དགོས་པའི་དངོས་རྫས་རྣམས་ནང་དུ་གསོག་པ་སོགས་ཀྱིས་གནོད་པ་མང་། དབྱང་འགྱུར་བྱེད་པས་ལུས་ལ་ཐང་ཆད་པའི་རྒྱུན་ནད་དང་། སྙིང་རྩའི་ནད། འབྲས་སྐྲན། རྒས་པའི་གླེན་ནད་སོགས་སྣེ་འདྲེན་པ་ཡིན། ཞིབ་འཇུག་མི་སྣས་དུད་འགྲོ་ལ་ཚོད་ལྟ་བྱས་པར་བརྒྱུད་དེ་ནས་ལས་ཐང་མི་ཆད་པའི་དུས་ཇེ་རིང་དུ་བཏང་བ་དང་ཚེ་བསྲིངས་པའི་རྫས་རྒྱུ་རྙེད་ཅིང་། ནས་ལས་འབྱུང་བའི་དབྱང་འགྱུར་འགོག་པའི་རྫས་ཆ་ཡིས་ཐང་ཆད་པའི་རྒྱུ་གཙང་སེལ་བྱེད་པ་ལ་ཕན་ཐོགས་ཡོད་པ་མཐོང་ངོ།། ( མུ་འགོད།)