国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དུས་བཞི་ལ་བསྟོད་པ།

དཔྱིད།

སྡེ་ཁུ་བྱུག་སྔོན་མོ་མོན་ནས་ལོག་དུས།།

ལུས་གྲང་བ་སྐད་ཅིག་ཡུན་ལ་བཅོམ་སོང་།།

ས་བདེ་ཆེན་འཁོར་ལོའི་དཀྱིལ་ཀྲུང་འོག་ནས།།

དཔྱིད་པདྨ་འདབ་བརྒྱད་བཞད་པ་སྔ་སོང་།།

དབྱར།

རི་སྣེ་མོའི་གོས་ལྗང་ཐང་ལ་གདལ་དུས།།

བྲག་གཟར་མོའི་ལེབ་ཁ་གཡང་ལ་བརྒྱུས་ཡོད།།

ཆར་ཟམ་ཟིམ་རྟེན་འབྲེལ་གྲོགས་ལ་བཀུག་ནས།།

དབྱར་ཕ་མ་འདྲ་བོ་བརྩེ་བས་འཚོས་ཡོད།།

སྟོན།

གསེར་སེར་པོའི་ལོ་མ་རླུང་གིས་སྐྱོད་དུས།།

གངས་དཀར་པོའི་ཁ་དོག་ལྷད་ཀྱིས་ཁྱེར་སོང་།།

ངག་བདེ་མོའི་དྲན་པ་གླུ་རུ་བླངས་ཡོད།།

སྟོན་སེར་པོའི་དུས་འདི་མི་རྟག་འཇའ་ཡིན།།

དགུན།

དངུལ་ཐང་ཆེན་དཀན་གཟར་གྱེན་དུ་འགྲེང་དུས།།

ས་པདྨོ་སྡེ་ཆེན་ཚོམ་དུ་བཀྲམ་ཡོད།།

ལུས་གྲང་རླུང་སེམས་ཀྱི་དཀྱིལ་དུ་ཉར་ནས།།

དགུན་རྒྱ་སྟག་འདྲ་བོའི་ངར་ཁ་བཙན་སོང་།།

༼ ཨ་འཛི་བཟའ་ཕྱུག་སྒྲོན། ༽