དར་མདོ་ནི་འཛམ་གླིང་ལ་གྲགས་པའི་གནའ་གྲོང་ཞིག་ཡིན་ལ། ཕག་མོ་རི་དང་དར་མདོའི་མཛའ་གཞས་ཞེས་གནམ་འོག་ལ་གྲགས་ཤིང་། དར་མདོ་གྲོང་ཁྱེར་ལ་ལོ་རྒྱུས་ཡུན་རིང་དང་རིག་གནས་ངོ་མཚར་ཆེ་བ་མངའ་ཞིང་། གནའ་ནས་ད་བར་ཁམས་ཁུལ་གྱི་སྲིད་འབྱོར་རིག་གསུམ་དང་། ཚོང་ལས། ཆ་འཕྲིན་ལྟེ་གནས། འགྲིམ་འགྲུལ་གྱི་འགག་གནས་བཅས་ཡིན། བོད་རིགས་གཙོས་པའི་རྒྱ་རིགས་དང་ཧུའེ་རིགས། དབྱིས་རིགས། ཆའང་རིགས་སོགས་ཡོད། དར་མདོ་གྲོང་ཁྱེར་གྱི་མངའ་ཁོངས་སུ་མཁར་རྫོང་དང་བོད་ཁང་གི་འཛུགས་སྐྲུན། གླུ་བྲོ་དང་བཟའ་བཏུང་རིག་གནས་ཕུན་སུམ་ཚོགས་པར་མ་ཟད། གནས་རི་དང་གཙང་ཆུ། མཚོ་དང་མཚེའུ་སོགས་ཡུལ་སྐོར་མཛེས་ལྗོངས་ཀྱང་མང་པོ་ཡོད།།