དབྱར་ཁ་སླེབས་དུས་དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་སྡེའི་ས་གཞི་ཡངས་པོར་སྔོ་ལྗང་གི་གོས་བཟང་བཀླུབས་ཤིང་། ཁྲ་ཆིལ་མེ་ཏོག་གིས་རི་ལུང་བརྒྱན་པ་དང་། ཁུ་བྱུག་སྔོན་མོས་མགྲིན་གླུ་གྱེར་བའི་དབྱར་གྱི་དཔལ་ཡོན་ཕྱོགས་ཀུན་ཏུ་བཞད། ཕྱེ་མ་ལེབ་དང་རྐང་དྲུག་བུང་བས་དགའ་བའི་གླུ་ལེན་ཞིང་འཕུར་ལྡིང་གར་ལ་རོལ་བ་སོགས་སྐྱེ་དངོས་ཐམས་ཅད་ལ་ཚེ་སྲོག་གི་འཚོ་བཅུད་གསར་པ་ཞིག་ཐོབ་པ་ནང་བཞིན་གསོན་ཉམས་འཕེལ་འགོ་ཚུགས། གངས་རི་དང་རྩྭ་ཐང་གི་སྤེལ་རེས་འོག་ཏུ་ཡིད་དབང་འཕྲོག་པའི་མཛེས་ལྗོངས་རི་མོ་ཞིག་མིག་ལག་དུ་མངོན་པ་རེད།
སྤྱི་ཟླ5པ་ནས6པའི་བར་ནི་འོ་སེ་མེ་ཏོག་བཞད་པའི་དུས་ཡིན་ལ། སྐྱ་གད་ཡུལ་དུ་འོ་སེ་མེ་ཏོག་རྣམ་པར་བཀྲ་ནས་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པའི་རང་བྱུང་གི་ལེགས་སྐྱེས་ངོ་མཚར་ཅན་ཞིག་ཚང་མའི་བསོད་ནམས་ཀྱི་བགོ་སྐལ་དུ་དྲངས་ཡོད།།
འོས་སྦྱོར་ཡུལ་སྐོར་ལམ་ཐིག།
ལམ་ཐིག་དང་པོ།
ཁྲེང་ཏུའུ་ནས་དར་མདོ། རྒྱུ་ལ། ར་རྔ་ཁ།སྐྱ་གད་
བཅས་བར་ཡིན།
ལམ་ཐིག་གཉིས་པ།
ཁྲེང་ཏུའུ་ནས་སྐུ་བླ་རི་བོ། རོང་བྲག། ལྷ་སྒང་རྩྭ་ཐང་། ར་རྔ་ཁ། སྐྱ་གད་བཅས་བར་ཡིན།
ལམ་ཐིག་གསུམ་པ།
ཁྲེང་ཏུའུ་ནས་ར་རྔ་ཁ། སྐྱ་གད། གླིང་ག་མཚོ། ཚེར་མ་ཉག་ག། གཡུ་མཚོ་དུང་མཚོ། འཁྱིལ་ཡག་ཁུལ་བཅས་བར་ཡིན་པ་རེད།