སྤྱི་ཟླ5པའི་ཚེས19ཉིན། ཁུལ་ཡོངས་ཀྱི2025ལོའི་འབྲུབ་འགོག་དང་ས་གཤིས་གནོད་འགོག་ལས་དོན་གྱི་བརྙན་འཕྲིན་ཁ་པར་ཚོགས་འདུ་དར་མདོ་ནས་འཚོགས་ཤིང་། ཞིང་ཆེན་ཡོངས་ཀྱི་འབྲུབ་འགོག་ཐན་འགོག་དང་ས་གཤིས་གནོད་འགོག། ཆུ་དཔོན་ལམ་ལུགས་སྐུལ་འདེད་བཅས་ཀྱི་བརྙན་འཕྲིན་ཁ་པར་ཚོགས་འདུའི་སྙིང་དོན་ལག་བསྟར་དོན་འཁྱོལ་བྱས་ནས། 2024ལོའི་ཁུལ་ཡོངས་ཀྱི་ཆུ་ལོག་དང་ས་གཤིས་གནོད་འགོག་གི་ཉེན་གཡོལ་ཐུབ་པའི་དཔེ་མཚོན་བཟང་པོར་བྱ་དགའ་སྤྲད་པ་དང་ཁུལ་ཡོངས་ཀྱི་ཆུ་ལོག་དང་ས་གཤིས་གནོད་འཚེ་འགོག་པའི་ལས་དོན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་བ་རེད། ཁུལ་ཨུ་རྒྱུན་ཨུ་དང་རྒྱུན་ལས་ཁུལ་དཔོན་གཞོན་པ་ཡན་ལེ་ཡིས་ཚོགས་འདུ་གཙོ་སྐྱོང་བྱས། ཁུལ་དཔོན་གཞོན་པ་ཡོན་ཀང་ཚོགས་འདུར་ཞུགས།
ཧྥུང་ཧྥ་ཀུའེ་ཡིས་བསྟན་དོན། མིག་སྔར། རང་ཁུལ་ཛ་དྲག་ཆེ་བའི་ཆུ་ལོག་དང་ས་གཤིས་གནོད་འཚེ་འགོག་པའི་དུས་སུ་སླེབས་ཡོད། ཁུལ་ཡོངས་ཀྱི་གོང་འོག་ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གནོད་འགོག་གནོད་བསྙུང་གནོད་སྐྱོབ་ལས་དོན་སྐོར་གྱི་རྣམ་བཤད་གལ་ཆེན་དང་། ཆུ་ལོག་དང་ས་གཤིས་གནོད་འཚེ་འགོག་པའི་ལས་དོན་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བཀའ་མཆན་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་། དེ་བཞིན་ཁུལ་ཨུ་བཅས་ཀྱི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་དང་མེ་ཆུའི་འཇིགས་པ་མཉམ་འགོག་འབྲེལ་མཐུད་ལེགས་པོ་བྱས་ཏེ། ལོ་རེ་བཞིན་དུ་སྔོན་འགོག་དང་ལོ་རེ་ལས་ལོ་རེ་འགོག་ཤུགས་ཆེ་རུ་བཏང་ནས་ཆུ་ལོག་དང་ས་གཤིས་གནོད་འཚེ་འགོག་པའི་ལས་དོན་ལས་མཐའ་གཅིག་ཏུ་རྒྱལ་ཁ་བླང་དགོས།
ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། སྤྱོད་བདེ་བ་དང་སྤྱོད་སྒོ་ཆེ་བའི་བྱེད་སྟངས་རྒྱུན་འཁྱོངས་དང་གསར་གཏོད་བྱ་དགོས། “དགོས་ངེས་ལྔའི་ལམ་ལུགས”མཐའ་འཁྱོངས་ནས་ངེས་པར་དུ་དམ་ཟབ་དང་རྐྱེན་སེལ། འགན་གསལ། དོན་དངོས། ཁྲིམས་ནན་བཅས་ཀྱི་བླང་བྱ་དོན་ལ་འཁྱོལ་ཏེ། བསམ་བློ་དམ་ཟབ་དང་གབ་ཉེན་སེལ་བ། འགན་འཁྲི་ཁ་གསལ། ལས་ཀ་དོན་གཉེར། ཁྲིམས་སྒྲིག་ནན་པོ་བཅས་བསྒྲུབ་ཐུབ་པར་བྱ་དགོས།
ཧྥུང་ཧྥ་ཀུའེ་ཡིས་ནན་གསུང་གནང་དོན། རིན་ཚབ་བཏང་བའི་བསླབ་བྱ་ཕྱོགས་བསྡོམས་དང་བསྡུ་ལེན་བྱ་དགོས། ཉེ་བའི་ལོ་ཤས་རིང་ཁུལ་ཕྱི་ནང་དུ་ཆུ་ལོག་ཐེངས་མང་བྱུང་བའི་བསླབ་བྱ་བསྡུ་ལེན་དང“ལྷོད་གཡེང་གི་སེམས་ཚུགས”ཁྱད་དུ་བསད་ནས“རྟག་ཏུ་སེམས་ཁྲལ་བྱེད་པའི”འགན་འཁྲིའི་འདུ་ཤེས་ཐོག་ནས་ལས་དོན་ཁག་ཏན་ཏིག་བསྒྲུབས་ཏེ་ཆུ་ལོག་འགོག་ཐུབ་པར་འགན་ལེན་བྱ་དགོས། ལྷག་པར་དུ་ཡུལ་སྐོར་བ་དང་ཕྱི་ནས་ཡོང་བའི་ལས་བཟོ་མི་སྣ་སོགས་གཙོ་གནད་ཚོགས་སྤྱིར་ཉེན་མེད་སློབ་གསོ་སྤེལ་བ་དང་། ལྗོངས་ཁུལ་དང་རི་ཁུལ། ནགས་ཁུལ། ཆུ་རྒྱུད། ལས་གྲྭ་སོགས་གཙོ་གནད་ཁུལ་དུ་ཉེན་བརྡ་དང་དྲན་སྐུལ་བྱ་རྒྱུར་ཤུགས་བསྣན་དགོས། མང་ཚོགས་ཀྱི་གནོད་འགོག་དང་གནོད་བསྙུང་། འཚུབ་བསྟུན་ཉེན་འགོག་གི་འདུ་ཤེས་དང་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏང་དགོས། ཚོགས་འདུར2024ལོའི་ཆུ་ལོག་དང་ས་གཤིས་གནོད་འགོག་གི་ཉེན་གཡོལ་ཐུབ་པའི་དཔེ་མཚོན་བཟང་པོའི་འཐུས་མིར་ཡུལ་དངོས་ནས་བྱ་དགའ་སྤྲད། ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་དང་ཉེན་གཡོལ་ཐུབ་པའི་དཔེ་མཚོན་བཟང་པོའི་འཐུས་མིས་གཏམ་བཤད་བྱས།། ( རྟ་མགྲིན་རྡོ་རྗེས་བསྒྱུར། )