“ཀྲུང་གོའི་ཡུལ་སྐོར་ཉིན་མོ”ཐེངས15པའི་ཤར་བ་དང་བསྟུན་ནས་འབའ་ཐང་རྫོང་གིས་ཇུས་འགོད་ཞིབ་ཚགས་བྱས་པའི་འབའ་ཐང་དུ་ཡུལ་སྐོར་སྐྱིད་པོ་བྱེད་ཅེས་པའི་གཙོ་དོན་ཡུལ་སྐོར་ཉིན་མོའི་བྱེད་སྒོ་གཟབ་རྒྱས་ངང་འགོ་བཙུགས་པ་དང་། ཡུལ་སྐོར་བ་དང་ས་གནས་དེ་གའི་ཡུལ་མི་ཚོར་སྤྲོ་སྣང་གིས་ཁེངས་ཤིང་རིག་གནས་ཀྱི་ཡིད་དབང་འཕྲོག་ཤུགས་ཆེ་བའི་ཡུལ་སྐོར་གྱི་སྟོན་མོ་བཤམས་པ་རེད།།