国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། ཉེ་ཆར། ལྕགས་ཟམ་རྫོང་གིས་ཚང་མས་དམར་དམག་གི་གཏམ་རྒྱུད་བཤད། གསར་བརྗེའི་གྲོང་གི་གཞོན་ནུ་ཚོའི་སེམས་པ་ཏང་ལ་འཁོར་ཞེས་པའི་རྒྱལ་ཕམ་ཐག་གཅོད་ཀྱི་གཏམ་བཤད་འགྲན་བསྡུར་བྱས།

༄༅།། ཉེ་ཆར། 2025ལོའི་ལིན་ཨན་དང་དཔལ་ཡུལ་ལས་ཞུགས་རོགས་སྐྱོར་གདན་ཞུའི་ཚོགས་འདུ་དཔལ་ཡུལ་རྫོང་གི་གྲོང་ཁྱེར་སྲིད་དོན་ཐང་ཆེན་དུ་འཚོགས་པ་རེད།

༄༅།། སྤྱི་ཟླ5པའི་ཚེས20ཉིན། དཀར་མཛེས་ཁུལ2025ལོའི་རིག་གནས་ཁང་གི་ཞབས་ཞུའི་དྲིལ་བསྒྲགས་གཟའ་འཁོར་གྱི་བྱེད་སྒོ་དར་མདོ་མཛའ་གཞས་ཐང་ཆེན་དུ་སྤེལ་བ་རེད།

༄༅།། ཉེ་ཆར། གསེར་ཐར་རྫོང་དབང་པོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་། རྫོང་སྤྱི་ཁྱབ་བཟོ་ཚོགས། རྫོང་རྒྱ་གྲམ་དམར་པོ་བཅས་སྡེ་ཚན་གྱི་འགན་འཁུར་བ་དང་སྤྱི་ཚོགས་ལས་བཟོ་ས་ཚུགས་ཀྱི་དང་བླངས་པས་འཚམས་འདྲིའི་ཚོ་ཆུང་བཙུགས་ཏེ། དབང་པོ་སྐྱོན་ཅན་གྱི་ཁྱིམ་ལ་བསྐྱོད་དེ་དབང་པོ་སྐྱོན་ཅན་ལ་འཚམས་འདྲི་དང་རོགས་རམ་བྱ་འགུལ་སྤེལ་བ་རེད།།

( སྐལ་བཟང་རྒྱ་མཚོས་བསྒྱུར།)