གཅིག། མེ་སོན་དང་འབར་འགད་སླ་བའི་དངོས་རྫས་ཁུར་ནས་ནགས་རིར་འགྲོ་མི་ཆོག།
གཉིས། ནགས་ཚལ་དང་ནགས་ས། རྩྭ་སྒང་དང་དེའི་འགྲམ་གྱི་སྨི50ནང་ཁོངས་སུ་མེ་སྤྱོད་མི་ཆོག།
གསུམ། ནགས་ཁུལ་ཁག་དང་ནགས་ཁུལ་ཁག་གི་ཨར་ལས་སྡེ་ཚན་དུ་བྱེས་སུ་ཟས་དང་སྲེག་ཟས་བཟོ་བ། དུ་བ་འཐེན་པ། དཔལ་འབར་གྱི་སྒྲོན་མེ་སྦར་བ་སོགས་བྱེད་མི་ཆོག།
བཞི། ནགས་ཁུལ་དུ་སྤོས་དང་དུར་ཤོག་སྲེག་པ། ཤོག་སྦག་སྦར་བ་སོགས་བྱེད་མི་ཆོག།
ལྔ། རྩྭ་ཐལ་དང་རྩི་ཤིང་། ས་རྒོད་སྲེག་པ། སྤུངས་སྲེག་བཅས་བྱེད་མི་ཆོག།
དྲུག། མི་སྣ་དམིགས་བསལ་ཅན་དང་ལོ་ན་མ་སོན་པའི་མིས་ནགས་ཁུལ་དུ་མེ་རྩེ་མི་ཆོག།
བདུན། བྱེས་སུ་མེ་འབུད་ནས་ལུས་བསྲོ་མི་ཆོག།
བརྒྱད། རླངས་འཁོར་དུ་སྡོད་དུས་ཕྱི་ལ་དུ་དུམ་འཕེན་མི་ཆོག།
དགུ། ནགས་ཁུལ་དུ་རི་དྭགས་རྔོན་པ་དང་མེ་བཏང་ནས་རི་དྭགས་དེད་མི་ཆོག།
བཅུ། རྒན་རྒོན་དང་བྱིས་པ། ལུས་ཞན། ནད་པ། དབང་སྐྱོན་ཅན་བཅས་མེ་གསོད་ཉེན་སྐྱོབ་ཏུ་ཞུགས་མི་ཆོག།
ནགས་ཚལ་མེ་ཟོན་གྱི་འཚུབ་བསྟུན་རང་སྐྱོབ།
1.ནགས་ཚལ་མེ་སྐྱོན་འབྱུང་དུས་དེ་མ་ཐག་ས་གནས་དེ་གའི་གྲོང་སྡེའི་ཚོ་ཆུང་དང་ཡུལ་ཤོག་དང་གྲོང་རྡལ། ནགས་ཚལ་མེ་ཟོན་བཀོད་འདོམས་པུའུ་ལ་སྙན་སེང་ཞུ་དགོས། འབྲེལ་ཡོད་སྡེ་ཚན་གྱི་གཅིག་གྱུར་སྒྲིག་འཛུགས་དང་བཀོད་འདོམས་འོག་མེ་གསོད་དུ་ཞུགས་དགོས་པ་ལས། མི་ཁེར་རྐྱང་གིས་བྱ་སྤྱོད་སྤེལ་མི་ཆོག།
2. ནགས་ཚལ་མེ་སྐྱོན་དང་འཕྲད་དུས་རི་རྩེའི་ཕྱོགས་སུ་འབྲོ་རྒྱུ་མེད། གང་རེད་ཟེར་ན་དུ་བ་ཡར་འགྲོ་བ་དང་བསྟུན་ནས་མེ་རི་རྩེར་ཁྱབ་མཆེད་ཧ་ཅང་མགྱོགས་པས་རེད།
3.རླུང་ཕྱོགས་དབྱེ་གཅོད་ཡག་པོ་བྱ་དགོས། མེ་དང་འགྲན་རྒྱུག་བྱ་རྒྱུ་མེད། གལ་ཏེ་རླུང་ཕྱོགས་དང་བསྟུན་ནས་འགྲོ་ན་མེ་ཆེན་པོས་བདས་ནས་བཀག་སྲིད་པ་རེད།
4.ལག་ཕྱིས་རླན་པས་ཁ་སྣ་བཀབ་སྟེ། རླུང་གི་ལྡོག་ཕྱོགས་ནས་འོག་ཏུ་འཕྲེད་འགྲོ་བྱ་དགོས་ལ། རྩི་ཤིང་སྲབ་ས་བཙལ་ཏེ་འབྲོ་དགོས།
( སྐལ་ཐུབ་ཀྱིས་བསྡུས།)