ཕར་བལྟས་སྤྲིན་དཀར་རྫོང་ལ། །
བསྟར་བའི་འཇའ་ཚོན་མེ་ཏོག །
ཁྲ་ཆུང་མིག་ལ་བབས་ན། །
མགུར་གྱི་སྒྲོ་གུར་ངས་ཕུབས། །
རྒྱ་ལྕང་ལོ་མའི་གསེབ་ཀྱི། །
ཡིད་འོང་ཆུ་སྐྱེས་དཀར་པོ། །
མ་རྙིང་གསར་དུ་བཞད་པའི། །
དཔྱིད་ཀྱི་དཔལ་ཡོན་ལྷག་གོ། །
རྣམ་རྟོག་དྲ་བའི་འཕྲུལ་ལ། །
ལྡང་བའི་ཚིག་གསལ་འབྲུ་རྟ། །
བྱེའུ་ཆུང་གཤོག་པ་བརྐྱངས་ཏེ། །
བས་མཐའི་ཚལ་དུ་ཕྱིན་སོང་། །
སྣང་བ་འཆར་ཡན་འཁྱམ་པོ། །
ངག་གི་གྲོགས་སུ་སྡེབ་ཞོར། །
སྲིད་པའི་འཁོར་བའི་གཤོང་དུ། །
ལ་མོར་བརྒལ་འདོད་ཆེ་ཆེར། །
སྤྲིན་གྱི་ཐུ་བ་བྱས་ཤིང་། །
དོག་མོ་གདན་དུ་རོལ་བའི། །
སྣང་སྲིད་འཁོར་བའི་ལྷ་མཛེས། །
ཡིད་ཀྱི་གམ་དུ་ཇེ་ཉེ། །