国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགའ་སྐྱོའི་སྨེང་བ།

འདི་ན་མི་ཚོགས་ཁྲི་སྟོང་ཞིག །

འ་འུར་འདུ་འཛིའི་གྲོང་གསེབ་ལ། །

རང་རང་བདེ་དོན་རྒྱུགས་པའི་སར། །

དཀའ་ངལ་ཅི་ཡང་འཛེམས་དོགས་མེད། །

ངས་ནི་དབྱངས་ཀྱི་རྒྱུད་མངས་འཚོལ། །

འཚོལ་བའི་གོམ་ཁ་ལྷོད་མེད་ཡིན། །

ཡིན་ཡང་ལྷ་མོའི་མཛེས་པ་ལ། །

ལ་ལ་རིང་ནས་བཟི་བར་དྲགས། །

འཆར་ཡན་རྟོགས་པའི་རྦ་རླབས་ཀྱིས། །

ནང་སེམས་རྒྱ་མཚོའི་ལྷིང་འཇགས་དཀྲུག །

ངས་ནི་དྭངས་སྨན་མཛེས་པའི་ཏོག །

ཚིག་གི་གླེགས་ནས་ཡང་དུ་འཚོལ། །

བཅུ་དྲུག་ལང་ཚོའི་མཚན་མ་ཡི། །

མགོ་བོ་ཀྲོག་ཀྲོག་བྱས་པ་དེས། །

ཆགས་ཞེན་གཡུ་ཡི་སྦྲང་མ་ཡང་། །

ཅི་ཡང་མིན་པར་བསླུས་སོ་སྐད། །