ཁམས་ཟླ་སྲས། དངོས་མིང་ལ་བསོད་ནམས་དཔལ་ལྡན་ཟེར། སྟོང་ལོ་གཉིས་ལོར། སི་ཁྲོན་དཔལ་ཡུལ་རྫོང་གི་ཉེ་འགྲམ་གྱི་གླིང་ཨ་ཚབ་སྡེ་བར་སྐྱེས་ཤིང་། ཆུང་དུས་ནས་འབྲོག་ཐང་དུ་རྟ་ནོར་ལུག་གསུམ་གྱི་རྫི་བོ་བྱས་ཤིང་། དེ་རྗེས་ཁྲོཾ་མདའ་ཁོ་དགོན་དུ་འབྲི་ཀློག་བྱས་མཐར། ནང་བསྟན་རིག་གཞུང་སློབ་གཉེར་གྱི་ཞོར་ནས་སྲོལ་རྒྱུན་སྙན་ངག་ལ་འབད་འབུངས་བྱས། སྔ་གཞུག་ཏུ།《མཚོ་སྔོན་པོ་རྩོམ་རིག་སྒྱུ་རྩལ།》 《དུང་སྒྲ་དེབ་ཕྲེང་དགུ་པ།》《ངག་གི་སྒྱུ་འཕྲུལ།》《ཁམས་པའི་ཚགས་པར།》《མཚོ་སྔོན་བོད་ཡིག་གསར་འགྱུར།》 《མཚོ་སྔོན་བོད་ཡིག་ཁྲིམས་སྐྱོང་ཚགས་པར།》《མདོ་ལ་ཚགས་པར།》《བོད་ལྗོངས་ཉིན་རེའི་ཚགས་པར།》《བོད་ལྗོངས་ཁྲིམས་ལུགས་ཚགས་པར།》《རྔ་བའི་ཚགས་པར།》《གཞིས་ཀ་རྩེ་ཉིན་རེའི་ཚགས་པར།》《མཚོ་ལྷོ་བོད་ཡིག་ཚགས་པར།》《གཡུ་ལུང་ཚགས་པར།》《ཁམས་པའི་དྲ་བ།》《ཀྲུང་གོ་བོད་ཡིག་དྲ་བ།》《གསེར་ཐང་རྩོམ་རིག་དགའ་ཚལ།》 ལ་སོགས་པའི་གཞུང་ཕྱོགས་ཚགས་པར་དང་དྲྭ་ཚུགས་འཕྲིན་སྟེགས་སུ་རྩོམ་ཡིག་བརྒྱ་ཕྲག་ལྷག་བཀོད་ཅིང་། བོད་རྩོམ་རིག་གི་སྡིངས་ཆ་ཆེན་མོ་ང་རོའི་ཆོ་འཕྲུལ་ཚང་གི་ཚོགས་མི། གངས་ཅན་རྩོམ་རིགས་སྙན་ངག་གི་དཔུང་སྡེ་མེ་ལོང་མ་ཚང་གི་ཚོགས་མི་བཅས་ཡིན། ད་ལྟ་ཁམས་ཀྱི་ཆོས་སྡེ་ཆེན་མོ་ཁྲོཾ་རྡོ་ཁོལ་དགོན་བརྩེ་ཆེན་བསྟན་རྒྱས་གླིང་དུ་ནང་བསྟན་རིག་གཞུང་ལ་སློབ་གཉེར་བྱེད་མུས་སུ་མཆིས།