ཉེ་ཆར། སྐྱེ་ཁམས་དང་མིའི་རིག་གནས། མཉམ་འདྲེས། གསར་གཏོད་བཅས་གཙོ་དོན་དུ་བྱས་པའི2025ལོའི་མཚོ་སྔོན་རིག་གནས་ཡུལ་སྐོར་དུས་ཆེན་ཟི་ལིང་གྲོང་ཁྱེར་དུ་སྤེལ་འགོ་བཙུགས་པ་རེད། བྱེད་སྒོའི་ཡུལ་དངོས་སུ་ཨང་ཀི་ཚན་རྩལ་དང་གཟུགས་མེད་རིག་གནས་ཤུལ་བཞག་གི་ཐོན་རྫས། ལྗོངས་གནས་སུ་འགྲོ་བ། ལུས་རྩལ་རླུང་འཕྲིན་བརྙན་འཕྲིན་གྱི་སྤྲོ་སྣང་བྱེད་སྒོ། ཁྱད་ཆོས་ཟས་མཆོག་སོགས་ལ་དམིགས་ནས་ནང་དོན་མི་འདྲ་བའི་འགྲེམ་སྟོན་ཁུལ་བཀོད་སྒྲིག་བྱས་ཡོད་པ་རེད།།