国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གསར་འགྱུར་གནད་བསྡུས།

༄༅།། སྤྱི་ཟླ5པའི་ཚེས22ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་སྲིད་གཞུང་གི་ཁུལ་དཔོན། ཏང་ཚན་ཁག་གི་ཧྲུའུ་ཅི་ཧྥུང་ཧྥ་ཀུའེ་ཡིས་ཁུལ་སྲིད་གཞུང་ཏང་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གི2025ལོའི་སློབ་སྦྱོང་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་ནས། དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་སྦྱངས་ནས་གོ་བ་བྱང་ཆུབ་པར་ལོན་པ་དང་འབྲེལ་ཞིབ་འཇུག་དང་བགྲོ་གླེང་བྱས་པ་རེད། ཚོགས་འདུར་ད་དུང《ཏང་སྲིད་ལས་ཁུངས་ཀྱིས་གྲོན་ཆུང་ནན་པོ་དང་ཆུད་ཟོས་ལ་ངོ་རྒོལ་བྱེད་པའི་སྲོལ་ཡིག》སློབ་སྦྱོང་བྱས་པ་རེད།།

༄༅།། སྤྱི་ཟླ5པའི་ཚེས23ཉིན། རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། དཀར་མཛེས་ཁུལ་ནས་ཡོང་བའི་ཀརྨ་ཚེ་བརྟན་གྱི་ཁྱིམ་ཚང་ཞིང་ཆེན་ཡོངས་ཀྱི་འཐུས་མི་ཁོ་ན་ཡིན་པའི་ངོས་ནས་རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་གཟེངས་བསྟོད་བྱ་དགའི་སྟེགས་བུར་སླེབས་ཡོད། ད་ཐེངས་ཀྱི་ཚོགས་ཆེན་ནང་ཀརྨ་ཚེ་བརྟན་ཁྱིམ་ཚང་ལ་རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་ཞེས་པའི་མཚན་སྙན་ཐོབ་པ་དང་། རྒྱལ་ཡོངས་ཀྱི་ཁྱིམ་ཚང798ཡི་གྲས་ཤིག་ཏུ་གྱུར་ཡོད་ལ། ད་ཐེངས་ཀྱི་གཟེངས་བསྟོད་ཁྲོད་སི་ཁྲོན་ཞིང་ཆེན་གྱི་རྒྱལ་ཡོངས་ཀྱི་དཔལ་ཡོན་ཁྱིམ་ཚང་གི་འཐུས་མི་འབའ་ཞིག་ཀྱང་ཡིན་པ་རེད།།