སྤྱི་ཟླ5པའི་ཚེས25ཉིན་ལ་ཀྲུང་གོ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པའི་དཀར་མཛེས་འགྲེམ་སྟོན་ཁང་དངོས་སུ་གཉེར་འགོ་བཙུགས་པ་རེད། འགྲེམས་སྟོན་ཁང་གི“1+3+N”འགྲེམས་སྟོན་མ་ལག་སྤྱད་དེ“ནུས་རྒྱུ་ཁུལ”དང་“རིག་གནས་ཡུལ་སྐོར་ཁུལ”“སྐྱེ་ལྡན་ལྷད་མེད་ཁུལ”གྱི་འཐབ་ཇུས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཕྱོགས་ཡོངས་ནས་མངོན་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཚོང་པ་རྣམས་ཀྱིས་ཡིད་དབང་བཀུག་ཡོད། ད་ཐེངས་ཟོག་ཤ་དང་འོ་ལས་ཐོན་རྫས། སྐྱེ་ལྡན་ཤིང་ཏོག། སྔོ་ཚལ་སོགས་ནི་ཚོང་པ་མང་པོའི་གདམ་བྱར་གྱུར་པ་དང་། གཞན་ཡང་བོད་ཡིག་ཡིག་གཟུགས་དང་བོད་ཤོག་བཟོ་སྐྲུན། སྡེ་དགེ་པར་བརྐོས་ལག་རྩལ་སོགས་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་དུ་མ་སྟོན་ཚོགས་སུ་བཤམས་ཏེ་ཕན་ཚུན་སྤེལ་རེས་དང་མྱོང་རོལ་བརྒྱུད་ནས་མི་མང་པོ་ཞིག་གིས་དཀར་མཛེས་ཁུལ་གྱི་གཟུགས་མེད་རིག་གནས་ཤུལ་བཞག་ལ་ཆ་རྒྱུས་ལོན་པར་བྱས་ཡོད།།