国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དྲན་ཤིང་ནང་གི་ལས་དབང་།

ལས་སྣང་དལ་བུར་མངོན་པའི་འཚོ་བ་རུ། །

ལས་སྐལ་འདྲ་མིན་ཞིག་གི་འཆར་ཡན་རྡོལ། །

ལས་ཀྱི་རྨི་ལམ་གཞུང་དུ་འགྲོག་པ་ཀུན། །

ལས་སྨོན་རིང་མོའི་དབུས་ཀྱི་ལང་ཚོ་ཡིན། །

ལས་འདུན་ཅི་ཞིག་བགོ་བ་མ་ངེས་རུང་། །

ལས་འཕྲོའི་མེ་ལོང་གསལ་བ་ཤེས་ཚེ་ལ། །

ལས་དབང་ནང་གི་བཀོད་པ་ཇི་སྙེད་ཅིག །

ལས་འབྲེལ་དེ་ཡིས་མཚོན་པ་སྙིང་ཉེ་ཨང་། །

ལས་ཀྱི་ཐུག་འཕྲད་བསམས་ན་སྣང་བ་འདི། །

ལས་ཚིག་ངང་གིས་འཁྱིལ་བ་ད་ལྟའི་དུས། །

ལས་འདི་བཟློག་ཐབས་ཤིག་ལ་བསམ་སྐྱེན་པ། །

ལས་ལ་འགྱུར་བའི་རྣམ་པ་ཤིན་ཏུ་དཀོན། །

ལས་མཐུན་འཛུམ་པ་འཚེར་བ་ཡག་སྣང་ལ། །

ལས་བཀོད་འདྲ་མིན་ཚོགས་སུ་ལང་ཚོ་སྨིན། །

ལས་རླུང་གང་དུ་ལྡང་ཕྱོགས་ཞེ་ཡིས་རུམ། །

ལས་འདི་དྲན་ཤིང་གན་གྱི་ལས་དབང་ངོ་། །

ལས་ལ་འཆར་གཞི་དུ་མའི་མཛེས་པ་སྤུད། །

ལས་ལ་བཅོས་མིན་འཛུམ་གྱི་ཚོར་བ་ཆགས། །

ལས་ལ་ཕྱི་ནང་གསལ་བའི་བཀོད་པ་མང་། །

ལས་ལ་ཡང་སྙིང་མངའ་བས་ཡིད་དུ་འོང་། །

༼ ཁམས་འོད་གསལ། ༽