ཉེ་ཆར། ཀྲུང་གོ་ནུབ་རྒྱུད་རྒྱལ་སྤྱིའི་དངོས་མང་སྟོན་ཚོགས་སྐབས་ཉི་ཤུ་པ་སི་ཁྲོན་ཞིང་ཆེན་ཁྲེང་ཏུའུ་རུ་འགོ་བཙུགས་པ་རེད། དངོས་མང་སྟོན་ཚོགས་ཀྱི་གཙོ་དོན་ནི་བསྒྱུར་བཅོས་ཟབ་ཏུ་བཏང་ནས་སྒུལ་ནུས་བསྐྱེད་པ་དང་སྒོ་འབྱེད་རྒྱ་ཆེར་བཏང་ནས་འཕེལ་རྒྱས་བསྐུལ་ཞེས་པ་ཡིན་ཞིང་། སི་ཁྲོན་ཞིང་ཆེན་མི་དམངས་སྲིད་གཞུང་གིས་གཙོ་གཉེར་བྱས་པ་རེད། ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ནུབ་རྒྱུད་དངོས་མང་སྟོན་ཚོགས་སུ་ཧང་ག་རི་དང་ལའོ་ཝུའོ་སྐུ་མགྲོན་རྒྱལ་ཁབ་གཙོ་བོ་གཉིས་དང་། ཀྲེ་ཅང་དང་མཚོ་སྔོན་སྐུ་མགྲོན་ཞིང་ཆེན་གཙོ་བོ་གཉིས་ཐོག་མར་འཛུགས་པ་དང་། མངའ་ཁོངས་ཕྱི་ནང་གི་ཁེ་ལས3000ལྷག་འགྲེམ་སྟོན་ནང་ཞུགས་ཡོད། དངོས་མང་སྟོན་ཚོགས་དེ་ཚེས29ཉིན་བར་མུ་མཐུད་དེ་སྤེལ་རྒྱུ་ཡིན་པ་རེད།།