国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






བ་མོས་བཀའ་དྲིན་ཞུས་པ།

གཟའ་སྤེན་པའི་ཕྱི་དྲོ་ཞིག་ལ། ང་ཚོ་བུ་སྤུན་གསུམ་གྱིས་ལས་བྱ་བྲིས་ཚར་པ་ན། ཨ་ཕས་ང་ཚོ་ལ་དེ་རིང་ལས་བྱ་བྲིས་པ་མགྱོགས་པས་ངས་ཁྱོད་ཚོ་ཆུ་རྐྱལ་བྱེད་དུ་ཁྲིད་ཟེར། དོན་དེ་གོ་རྗེས་ང་ཚོ་ཧ་ཅང་དགའ། ང་ཚོས་ལམ་སང་གོས་རྣམས་བརྗེས་ཏེ་ཆུ་ལ་རྐྱལ་བྱེད་ཀྱི་ཡོ་བྱད་དག་བཟུང་ནས་སྒོར་སླེབས་པ་ན། ཨ་ཕས་དེ་རིང་ལུས་པོ་སྦྱོང་བརྡར་གྱི་ཆེད་དུ་རྐང་ཐང་ལ་འགྲོ་ཟེར། ནམ་རྒྱུན་འགྲོ་སའི་མདུན་ཕྱོགས་ཀྱི་ལམ་ཐག་ཤིན་ཏུ་རིང་བས། ངས་ལྟག་རྒྱབ་ཀྱི་རྐང་ལམ་དེད་དེ་འགྲོ་བའི་གྲོས་ཐག་བཅད།

ང་ཚོ་དགའ་སྤྲོའི་ངང་མཆོང་ལྡིང་བྱེད་བཞིན་བྷེ་རི་སི་མགྲོན་བྲང་གི་ཕྱོགས་སུ་སོང་། གློ་བུར་དུ་ལམ་འགྲམ་ན་ཨ་ཅེ་གཉིས་ཀྱིས་བ་མོ་ཁྲ་ཁྲ་ཞིག་ལ་གཡས་སྐོར་གཡོན་སྐོར་བྱེད་བཞིན་པ་མཐོང་། ང་ཚོ་བརྒྱུགས་ཏེ་བ་མོའི་འགྲམ་དུ་སླེབས་པ་ན། བ་མོ་ཞིག་གྱང་སྟེང་ནས་ལྷུངས་ཏེ་འདོགས་ཐག་གིས་སྐེ་བདམས་ཏེ་མིག་གཉིས་སྟེང་འོག་བརྗེ་བཞིན་འགུལ་ཙམ་ཡང་མི་བྱེད་པར་ལུས་འདུག། ང་ཚོ་ཤིན་ཏུ་སྐྲག་ནས་ཅི་བྱེད་འདི་བྱེད་མེད་པར་གྱུར་པ་ན། ཨ་ཕ་སྔ་ས་ནས་གྱང་སྟེང་དུ་བུད་དེ་ཐག་པ་རྡོ་ཡིས་བཅད།

བ་མོ་ཁྲ་ཁྲ་དེ་ས་རུ་ལྷུང་པ་ན། ལུས་པོ་འདར་བཞིན་དབུགས་ཧལ་ཧལ་བྱེད་ཅིང་མགོ་བོ་ཡང་འགྱོག་མི་ཐུབ་པར་ས་རུ་ཉལ་ནས་བསྡད། ཨ་ཕས་བ་མོའི་རྭ་ཅོ་གཉིས་ནས་བཟུང་སྟེ་ཡར་བསླངས་ཀྱང་ཡར་ལངས་མ་ཐུབ། དེ་ནས་སྐེ་རུ་བཟུང་ནས་ཡར་བཀྱགས་པ་ན། བ་མོ་ད་གཟོད་གཉིད་ལས་སད་པ་ལྟར་སུག་བཞི་འདར་བཞིན་མིག་མཐའ་མཆི་མས་བརླན་ཏེ་ཨ་ཕའི་གདོང་ལ་ལྟ་བཞིན་ལག་པར་ལྕེ་ལྡག་འགའ་བྱས། དེ་ནི་རང་ཉིད་ཀྱི་སྲོག་བསྐྱབས་པར་བཀའ་དྲིན་ཞུ་བ་དང་ཅི་འདྲའི་མཚུངས་པ་ལ་ཨང་།

ཕྱིར་འདང་ཞིག་བརྒྱབ་ཚེ། སྲོག་ཆགས་གང་ཞིག་ཡིན་ཡང་། བཀའ་དྲིན་ཞུ་མི་ཤེས་མཁན་གཅིག་ཀྱང་མི་འདུག། དེའི་ཕྱིར། ང་ཚོས་ནམ་ཡང་གཞན་ལ་བཀའ་དྲིན་ཞུ་བའི་སེམས་པ་དེ་ནམ་ཡང་བརྗེད་མི་རུང་སྙམ།

དཀར་མཛེས་ཁུལ་བྲག་འགོ་རྫོང་ཤིས་མདོ་སློབ་ཆུང་ལོ་རིམ་བཞི་པའི་འཛིན་གྲྭ་དྲུག་པ།

༼ གོས་རྩ་དཔལ་གཡང་ཀུན་འདུ། ༽