国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






《བདེན་འཚོལ》དུས་དེབ་སྟེང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་མགྱོགས་མྱུར་སྒོས་འཛུགས་སྐྲུན་བྱེད་དགོས》ཞེས་པ་སྤེལ་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་ཟླ6པའི་ཚེས1ཉིན་པར་དུ་བསྐྲུན་པའི《བདེན་འཚོལ》དུས་དེབ་འདོན་ཐེངས11པའི་སྟེང་དུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྩོམ་ཡིག་གལ་ཆེན《སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་མགྱོགས་མྱུར་བསྐྲུན་དགོས》ཞེས་པ་བཀོད་པ་རེད།

རྩོམ་ཡིག་ལས་བསྟན་དོན། སློབ་གསོ་ནི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་དུ། ང་ཚོས་སློབ་གསོ་ནི་རྒྱལ་ཁབ་ཀྱི་ཇུས་ཆེན་དང་ཏང་གི་ཇུས་ཆེན་དུ་བརྩིས་ཏེ། ཏང་གི་སློབ་གསོའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱས་ནས། ཚན་སློབ་ཀྱིས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་སློབ་གསོའི་དེང་རབས་ཅན་ཇེ་མགྱོགས་སུ་གཏོང་བའི་ཇུས་ཆེན་ལག་བསྟར་ཟབ་མོ་བྱས་ལ། 2035ལོར་བསླེབ་སྐབས་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་བསྐྲུན་པའི་འབད་འཐབ་དམིགས་འབེན་གཏན་འཁེལ་བྱས་ནས། དུས་རབས་གསར་པའི་སློབ་གསོའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་གནས་བབ་རང་བཞིན་གྱི་འགྱུར་ལྡོག་འབྱུང་བར་བྱས་ཡོད།

རྩོམ་ཡིག་ལས་བསྟན་དོན། ང་ཚོས་བསྐྲུན་དགོས་པའི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ནི། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་ཡིན་པས། བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ནུས་པ་དང་འཇོན་མིའི་འགྲན་རྩོད་ནུས་པ། ཚན་རྩལ་གྱི་རྒྱབ་སྐྱོར་ནུས་པ། དམངས་འཚོའི་འགན་སྲུང་ནུས་པ། སྤྱི་ཚོགས་ཀྱི་མཐུན་སྦྱོར་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་བཅས་ཆེན་པོ་ལྡན་དགོས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འདི་ལྟ་བུ་ཞིག་འཛུགས་སྐྲུན་བྱེད་ན་ངེས་པར་དུ་གཞི་བརྟན་སེམས་སྐྱེད་ཀྱི་བསམ་བློ་ཆབ་སྲིད་སློབ་གསོའི་མ་ལག་དང་། དྲང་གཞག་སྤུས་ལེགས་ཀྱི་རྨང་གཞི་སློབ་གསོའི་མ་ལག། ཡར་སྐྱེད་ཁྱད་འཕགས་ཀྱི་མཐོ་རིམ་སློབ་གསོའི་མ་ལག། ཐོན་སློབ་མཉམ་འདྲེས་ཀྱི་ལས་རིགས་སློབ་གསོའི་མ་ལག། ཀུན་གནས་ཁྱབ་ནུས་ཀྱི་ཚེ་གང་སློབ་གསོའི་མ་ལག། གསར་གཏོད་སྣེ་སྟོན་གྱི་ཚན་རྩལ་འདེགས་སྐྱོར་མ་ལག། བྱང་ཚད་བཟང་བའི་དགེ་རྒན་དཔུང་སྡེའི་མ་ལག། སྒོ་འབྱེད་མིག་ལྟོས་ཀྱི་རྒྱལ་སྤྱིའི་མཉམ་ལས་མ་ལག་བཅས་ཁྱོན་ཡོངས་ནས་འཛུགས་དགོས།

(པར་ངོས་བཞི་པར་གཟིགས།)