སྤྱི་ཟླ5པའི་ཚེས28ནས30ཉིན་གྱི་བར། སི་ཁྲོན་ཞིང་ཆེན་ཏང་ཨུ་རྩ་འཛུགས་པུའུ་དང་། ཀྲུང་གུང་སི་ཁྲོན་ཞིང་ཆེན་ཏང་ཨུ་ཏང་སློབ་གྲྭ།(སི་ཁྲོན་རྒྱང་སྐྱོད་ལས་བྱེད་སློབ་གླིང་)ཀྲུང་གུང་དཀར་མཛེས་ཁུལ་ཨུ་བཅས་ཀྱིས་མཉམ་འབྲེལ་བྱས་ནས་གཉེར་པའི་སི་ཁྲོན་ཞིང་ཆེན་རྒྱང་སྐྱོད་སྙིང་སྟོབས་གཙོ་དོན་གླེང་སྟེགས་སྐབས་གསུམ་པའི་བྱེད་སྒོ་རབ་རིམ་ལྕགས་ཟམ་རྫོང་དུ་སྤེལ་བ་རེད། ཞིང་ཆེན་ཕྱི་ནང་གི་ཆེད་རམས་པ་དང་མཁས་དབང་ཚོས་རྒྱང་སྐྱོད་ལོ་རྒྱུས་དང་རྒྱང་སྐྱོད་སྙིང་སྟོབས་སྐོར་ལ་དམིགས་ནས་རིག་གཞུང་བགྲོ་གླེང་གནང་བ་དང་། རྒྱང་སྐྱོད་ཐོན་ཁུངས་གསར་སྤེལ་བེད་སྤྱོད་ཧྲིལ་པོ་ཅན་དང་ཐོན་ཁུངས་མཉམ་རོལ་ཡུན་ཕན་ཅན། སློབ་གསོ་གསོ་སྦྱོང་རྒྱུད་རིམ་ཅན་བཅས་ཡོང་བར་མཉམ་དུ་བསྐུལ་ཏེ། དུས་རབས་གསར་པའི་རྒྱང་སྐྱོང་ལམ་བུ་ཡག་པོར་སྐྱོད་པ་དང་སི་ཁྲོན་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་ཡོང་ཆེད་བསམ་བློའི་ངོས་འཛིན་གཅིག་མཐུན་དང་བསམ་པའི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བ་རེད།། པར་འདི་ནི་གཙོ་དོན་གཏམ་བཤད་ཀྱི་ཡུལ་དངོས་རེད།
