སྤྱི་ཟླ5པའི་ཚེས23ཉིན།རྒྱལ་ཡོངས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་གི་གཟེངས་བསྟོད་ཚོགས་ཆེན་པེ་ཅིང་དུ་འཚོགས་པ་རེད། རང་ཁུལ་གྱི་གྲོང་སྡེ་དང་གྲོང་རྡལ7དང་།ལས་ཁུངས4 ཁྱིམ་ཚང1 སློབ་གྲྭ1བཅས་སོ་སོར“རྒྱལ་ཡོངས་ཀྱི་ཤེས་དཔལ་གྲོང་སྡེ་དང་གྲོང་རྡལ”“རྒྱལ་ཡོངས་ཀྱི་ཤེས་དཔལ་ལས་ཁུངས”“རྒྱལ་ཡོངས་ཀྱི་ཤེས་དཔལ་ཁྱིམ་ཚང”“རྒྱལ་ཡོངས་ཀྱི་ཤེས་དཔལ་སློབ་གྲྭ”ཞེས་པའི་མཚན་སྙན་ཐོབ་པ་རེད།
ཉེ་བའི་ལོ་ཤས་རིང་རང་ཁུལ་གྱིས་ཚན་རིག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལག་ལེན་དང་།ཏང་གི་སྲིད་ཇུས་དྲིལ་བསྒྲགས།གཙོ་རྒྱུན་གྱི་རིན་ཐང་གསོ་སྐྱོང་དང་ལག་ལེན། རིག་གནས་ཀྱི་འཚོ་བ་ཕུན་སུམ་ཚོགས་པོ་དང་གོམས་སྲོལ་འགྱུར་ལྡོག་རྒྱུན་མཐུད་གཏིང་ཟབ་བཅས་ཀྱི་ལས་འགན་ཆེན་པོ་ལྔ་ལ་དམིགས་ནས་ནུས་པ་འདོན་སྤེལ་དང་།རིག་གནས་ཞབས་ཞུ། སྤུས་རྟགས་ཀྱི་འཐེན་ཤུགས་ཆེ་རུ་གཏོང་བ་སོགས་ལ་བརྟེན་ཏེ་མང་ཚོགས་རང་བཞིན་གྱི་བསམ་པའི་དཔལ་ཡོན་འཛུགས་སྐྱོང་བྱེད་སྒོར་སྐུལ་འདེད་བཏང་ཡོད།
ཤེས་དཔལ་གྲོང་རྡལ་གྱིས་དཔལ་ཡོན་རྒྱས་པའི་ཞིང་ས་གཤིན་པོ་བསྐྲུན།
དར་མདོ་གྲོང་ཁྱེར་གསེར་ལུང་གྲོང་སྡེར་བོད་རིགས་ཀྱི་ཡུལ་མིའི་སྡོད་ཁང་དུད་ཚང38གསེར་ལུང་མཚེའུ་བརྟེན་ནས་བསྐྲུན་ཡོད་ཅིང་། རི་ཆུའི་བར་དུ་བསྐྲུན་པའི་མཛེས་སྡུག་གི་གྲོང་སྡེ་དེ་རྒྱལ་ཡོངས་ཀྱི་དཔལ་ཡོན་གྲོང་སྡེའི་དཔེ་མཚོན་ཞིག་ཡིན་པ་དང་། ཤེས་དཔལ་འཛུགས་སྐྱོང་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་ཀྱི་བརྗིད་ཉམས་ལྡན་པའི་ལེའུ་འབྲི་བཞིན་ཡོད།
ངོ་སྤྲོད་བྱས་པར་གཞིགས་ན། གསེར་ལུང་གྲོང་སྡེས་ཞིང་ལས་དང་ཡུལ་སྐོར་ཐོན་ལས་མཉམ་འདྲེས་དང་། སྤྱི་གཉེར་ཁང་དང་ཐུན་མོང་།མཉམ་ལས་ཁང་། ཞིང་དུད་མཉམ་འདྲེས་ཀྱི་བྱ་ཐབས་བརྒྱུད་ལྟ་སྐོར་དང་། སྡོད་ཁང་།དམངས་སྲོལ་ཉམས་ལེན་བཅས་གཞི་གཅིག་ཏུ་འདུས་པའི་ཡུལ་སྐོར་མ་ལག་བཏོད་ནས་བསྡོམས་འབོར་ཡུལ་སྐོར་བ་ཁྲི6.7ལ་སྣེ་ལེན་བྱས་པ་དང་།ཡུལ་མིའི་ཡོང་འབབ་སྒོར་ཁྲི400ལྷག་འཕར་བར་སྐུལ་ཁྲིད་བྱས་ཡོད།
བསམ་པའི་དཔལ་ཡོན་འཛུགས་སྐྱོང་དང་གྲོང་སྡེ་བཅོས་སྐྱོང་ཐད་གསེར་ལུང་གྲོང་སྡེས་ཧ་ལས་པ་ཡག་པོར་བྱས་ཡོད།རང་སྐྱོང་དང་ཁྲིམས་སྐྱོང་།སྤྱོད་སྐྱོང་བཅས་མཉམ་འདྲེས་ཀྱིས་ལོ་བཅུ་རིང་ཉེས་དོན་གྱོད་གཞི་མེད་པ་མངོན་འགྱུར་བྱུང་ཡོད། ད་ཆ་གསེར་ལུང་གྲོང་སྡེ་རྒྱལ་ཁབ་ཀྱིAབཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་གྱི་ཕྱོགས་སུ་སྐྱོད་བཞིན་ཡོད་པས“ཐོན་ཁུངས”ནས“རྒྱུ་ནོར”བར་ཁ་ཕྱོགས་སྒྱུར་བཞིན་ཡོད།
ཉག་ཆུ་རྫོང་མཁར་རིང་པོ་ཡུལ་ཤོག་བེ་ཤ་གྲོང་སྡེར“ཏང་མིས་སྣེ་ཁྲིད་དང་།བེ་ཤ་ལ་བརྟེན་ནས་བདེ་སྐྱིད་འཚོལ་བའི་སྤུས་རྟགས་གསར་གཏོད་བྱས་ནས“སྐར་མ་བཅོ་ལྔའི་ཏང་མིའི་ཞབས་ཞུ་ཁུལ”འཛུགས་བཞིན་ཡོད། དུས་མཉམ་དུ་གྲོང་སྡེར་དྲྭ་ཕྲན་དང་ཚན་རྩལ་བཅོས་སྐྱོང་བྱེད་སྟངས་གསར་གཏོད་ཁྱབ་སྤེལ་བཏང་བ་དང་།འཚུབ་བསྟུན་སྔོན་འགོག་གི་དྲྭ་ཕྲན12དབྱེ་བ།ནགས་སྲུང་མེ་འགོག་ཨའོ་ཝུའེ་ས་ཁྲ་སོགས་ཚན་རྩལ་བྱ་ཐབས་སྤྱད་དེ་མེ་སྐྱོན་བྱུང་དུས་སྐར་མ10ནང་སླེབས་ཐུབ་པ་བྱས།
ཐོན་ལས་འཕེལ་རྒྱས་ཐད་བེ་ཤ་གྲོང་སྡེས་ཇ་གཅིག་དང་ས་ཚུགས་གཅིག།རྟེན་གཞི་གཉིས་ཀྱི་མ་ལག་བཙུགས་ནས་ཐུན་མོང་དཔལ་འབྱོར་ཡོང་འབབ་མེད་པ་ནས་ཡོད་པར་གྱུར་ནས2024ལོར་སྒོར་ཁྲི10ལས་བརྒལ་ཡོད། གཞན་ཡང་གྲོང་སྡེའི་ནང་མི་ཉག་རིག་གནས་སྔོག་འདོན་བྱས་ཏེ་སྐར་བསགས་སྒོ་རྩིས་ཚོང་ཁང་བཙུགས་པ་དང་། ཁྱད་ཆོས་ལྡན་པའི་རིག་གནས་གསར་གཏོད་ཐོན་རྫས་བཏོན་པས་རིག་གནས་ཡུལ་སྐོར་ཡོང་འབབ་བརྒྱ་ཆ60ཟིན།
དེ་དང་འདྲ་བར་ཉག་རོང་རྫོང་བང་སྨད་ཡུལ་ཤོག་རི་སྣེ་གྲོང་སྡེས་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་འཐབ་ཇུས་ལ་བརྟེན་ནས་ཞིང་ལས་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་དཔེ་སྟོན་གླིང་མུའུ302.6བསྐྲུན་ནས་ཁྱད་ཆོས་སྡོད་ཁང་དང་རྒྱ་ལུགས་སྨན་རྫས་འདེབས་འཛུགས།ཤ་བ་གསོ་སྤེལ།མེ་ཏོག་ཤུན་དབྱི་ཚའོ་ལྟ་སྐོར་བཅས་ཐོན་ལས་གཙོ་བོར་ཆགས་ཡོད། 2024ལོར་ཡུལ་སྐོར་བ་མང་བའི་དུས་སུ་ཉིན་རེའི་ཆ་སྙོམས་ཡུལ་སྐོར་བ500ལྷག་སྣེ་ལེན་བྱས་པ་དང་།གྲོང་སྡེའི་ཐུན་མོང་ཡོང་འབབ་སྒོར་ཁྲི22ལས་བརྒལ་ནས་ཡུལ་མིའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.7ལ་ཟིན། གླེང་རིན་ཡོད་པ་ཞིག་ནི།དཔལ་ཡོན་གསར་གཏོད་བྱེད་རིང་གྲོང་སྡེ་དེས་སྒོར་ཁྲི1200བཏང་ནས་མི་སྡོད་ཁོར་ཡུག་ལེགས་སུ་བཏང་བར་མ་ཟད།དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚུགས་བརྒྱུད་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་དང་རིག་གནས་ཐོག་ནས་དམངས་ཕན་སོགས་ཀྱི་བྱེད་སྒོ་སྤེལ་ཏེ།“12345”ལས་ཀའི་བྱ་ཐབས་བཟོས་ནས་གོམས་སྲོལ་འགྱུར་ལྡོག་ལ་བསྐུལ་ཡོད།
འདབ་པ་རྫོང་ཤམ་བྷ་ལ་གྲོང་རྡལ་དུ་སྐྱེ་ཁམས་སྲུང་སྐྱོང་རྨང་གཞིར་བྱས་ནས་འཕེལ་རྒྱས་སྤུས་ཚད་མཐོན་པོར་རྒྱང་སྐྱོད་གསར་སྤེལ་བྱེད་བཞིན་ཡོད། གྲོང་རྡལ་དེས་བསྡོམས་པས་སྒོར་ཁྲི4678.04བཏང་ནས་གད་སྙིགས་གནོད་མེད་གཙང་སེལ་དང་ཆར་བཙོག་སྦུག་ལམ་སྒྱུར་བཀོད་སོགས་ཀྱི་ལས་གྲྭ་ལ་སྐུལ་འདེད་བཏང་སྟེ།ཉི་སྟེན་གྲོང་སྡེར་མུའུ280ལྷག་ལྗང་བསྒྱུར་དང་སྐྱེ་ཁམས་ཉམས་གསོ་བྱས། ས་ཞིང་འཁོར་རྒྱུག་དང་རྟ་ཚོགས་ཁ་གསབ་སོགས་སྐྱེ་ཁམས་ཁ་གསབ་ལམ་སྲོལ་གསར་གཏོད་ལག་ལེན་བསྟར་ནས་གྲོང་སྡེའི་ཐུན་མོང་གི་ལོ་རེའི་ཡོང་འབབ་སྒོར་ཁྲི29འཕར་བར་སྐུལ་ཁྲིད་བྱས་པ་དང་ཡུལ་མིའི་ཐོན་སྐྱེད་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི300ལས་བརྒལ་ཡོད།
ཉི་སྟེནAལྔ་རིམ་པའི་ལྗོངས་ཁུལ་ལ་བརྟེན་ནས་ཤམ་བྷ་ལ་གྲོང་རྡལ་གྱིས་སྒོར་དུང་ཕྱུར4.8མ་འཇོག་བྱས་ཏེ་ས་ཁོངས་ཡོངས་ཀྱི་ཡུལ་སྐོར་མ་ལག་བཏོད་ནས་དྲོད་གཏོང་དང་དབྱང་མཁོ་འདོན་དང་།གཟུགས་མེད་རིག་གནས་ཤུལ་བཞག་ཉམས་ལེན་ཁང་སོགས་ལས་གཞི31གི་ཞབས་ཞུའི་སྤུས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད། 《ཉི་སྟེན་གྱི་གསང་གྲངས》ཞེས་པའི་བོད་ཀྱི་རིག་གནས་ཟློས་གར་དང་།གཟུགས་མེད་རིག་གནས་ཤུལ་བཞག་གཙོ་དོན་ཁྲོམ་གཞུང་སོགས་རིག་གནས་ཡུལ་སྐོརIPལ་བརྟེན་ནས་མཚན་མོའི་གཟུགས་མེད་རིག་གནས་ཤུལ་བཞག་ལ་ལྟ་སྐོར་བྱེད་པའི་རྣམ་པ་གསར་པ་བཙུགས་པ་དང་། “ཉི་སྟེན1928”ཞེས་པའི་གནས་ཚང་ཁྱུ་ཚོགས་སོགས་ཀྱི་ལས་གཞི་དེས་ས་གནས་དེར་ལས་ཞུགས་ལས་གནས་བརྒྱ་ལྷག་བསྐྲུན་ནས་ལོ་རེར་ཡོང་འབབ་སྒོར་ཁྲི300ལྷག་འཕར་བར་སྐུལ་ཁྲིད་བྱས། དུས་མཉམ་དུ་གཞི་རིམ་བཅོས་སྐྱོང་ཁྲོད་ཤམ་བྷ་ལ་གྲོང་རྡལ་གྱིས་མང་ཚོགས་བདག་གཉེར་པར་འགྱུར་བར་སྐུལ་འདེད་བཏང་སྟེ།ཏང་ལས་དོན་དང་གྲོང་སྡེའི་ལས་དོན་ཡོངས་བསྒྲགས་དང་།ཏང་རྩ་འཛུགས་ཀྱིས་སྣེ་ཁྲིད་བྱས་པ་བརྒྱུད་གཞི་རིམ་དུ་འགལ་བ་སེལ་ཐུབ་པ་དང་། བདེ་འཇགས་གྲོང་སྡེ་འཛུགས་སྐྲུན་གྱིས་ཁྲིམས་སྐྱོང་གི་འདུ་ཤེས་མི་སེམས་སུ་གཏིང་ཟབ་ཟུག་པ་རེད། ད་ཆ་ཁོར་ཡུག་སྲུང་སྐྱོང་དང་བླངས་དང་རིག་གནས་འགྲེལ་བཤད་སོགས་རང་འགུལ་བྱ་སྤྱོད་ཡང་ཡང་ཐོན་པས།“གངས་རིའི་ཤེས་དཔལ་སྤྱི་ཆིངས”འཚོ་བའི་ནང་འདྲེས་ནས་སྐྱེ་ཁམས་སྲུང་སྐྱོང་དང་དམངས་འཚོ་འཕེལ་རྒྱས་ཕྱོགས་གཉིས་སུ་བསྐྱོད་པའི་ཤེས་དཔལ་གྱི་ཡུལ་ལྗོངས་གསར་པ་བྲིས་ཡོད།
འབའ་ཐང་རྫོང་སོ་བ་ནང་ཡུལ་ཤོག་འུག་མདའ་ལུང་གྲོང་སྡེའི་གཞི་རིམ་ཏང་འཛུགས་སྐྱོང་དང་བསམ་པའི་དཔལ་ཡོན་གྱི་གྲུབ་འབྲས་མངོན་གསལ་དོད་པོ་བྱུང་ཞིང་།ཏང་འཛུགས་སྐྱོང་ལ་བརྟེན་ནས་དར་རྒྱས་ཡོང་བར་སྐུལ་བ་དང་།དཔལ་ཡོན་དམ་འཛིན་དང་ཁོར་ཡུག་བཅོས་སྐྱོང་བྱས་ནས་གྲོང་སྡེའི་རྣམ་པ་གསར་པ་མངོན་པ། ཕྱག་ཕྲེང་རྫོང་རག་ཝ་ཡུལ་ཤོག་མཁས་སྨད་གྲོང་སྡེས“གཙོ་གནད་གཅིག་དང་སྒུལ་ཤུགས་གཉིས།ལས་སྟེགས་གསུམ”གྱི་བཅོས་སྐྱོང་མ་ལག་བཙུགས་ནས་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་གསར་གཏོད་ཀྱིས་སྐུལ་འདེད་བཏང་བར་བརྟེན་ཡུལ་སྡེ་དར་རྒྱས་མངོན་འགྱུར་བྱུང་ནས་གྲོང་སྡེའི་ཉམས་འགྱུར་དཔལ་ཡོན་འཛུགས་སྐྱོང་གི་དཔེ་མཚོན་ཞིག་ཏུ་གྱུར་ཡོད།
ཤེས་དཔལ་སྡེ་ཚན་གྱིས་ཚད་མང་ནུས་པ་སྤྲད།
ཤེས་དཔལ་སྡེ་ཚན་འཛུགས་པར་ལས་བཟོ་པ་ཚང་མ་ཧུར་ཐག་ཞུགས་དགོས་པ་དང་།སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་བར་སྐུལ་དགོས། རང་ཁུལ་གྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་བ་གཙོ་བོའི་དྲིལ་བསྒྲགས་སློབ་གསོར་དམིགས་ཏེ།སྣ་མང་ཕུན་སུམ་ཚོགས་པའི་བསམ་པའི་དཔལ་ཡོན་གསར་གཏོད་བྱེད་སྒོ་བེད་སྤྱོད་གང་ལེགས་བྱས་ཏེ།ཤེས་དཔལ་སྡེ་ཚན་གསར་པ་འཛུགས་པར“སྒྱུར་ཐབས་ཕན་འབྲས”བཟང་པོ་ཐོན་དུ་འཇུག་པ།
ཁུལ་སྒྲིག་ཁྲིམས་ཨུ་ལྷན་དང་ལྟ་ཞིབ་ཨུ་ལྷན་གྱིས“4343”གསར་གཏོད་ཀྱི་བསམ་ཕྱོགས་ཁྲིད་སྟོན་དུ་བྱས་ཏེ“མདོ་བསྡུ་བཞིའི”ཐོག་ནས་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ཡོད། འཆར་འགོད་དང་བཀོད་སྒྲིག་ལ་དམིགས་ནས་འཆར་འགོད་ཇུས་གཞི་བཟོ་འགྲེམས་དང་།དྲིལ་བསྒྲགས་གློག་བརྙན་དང་པར་དེབ་བཟོ་བ་སོགས་བྱེད་པ།རིན་ཐང་ལྟ་བ་གཙོ་བོའི་སློབ་གསོའི་བྱེད་ཤུགས་ཆེ་རུ་གཏོང་བ།གཙོ་དོན་སློབ་སྦྱོང་དྲིལ་བསྒྲགས་བྱེད་སྒོ་སྤེལ་བ།སྔོན་ཐོན་དཔེ་མཚོན་གསོ་སྐྱོང་བྱེད་པ།ཁྱིམ་སྲོལ་ཆེད་བསྒྲིགས་ལེ་ཚན་འཛུགས་པ། འགན་འཁྲི་བྱས་རྗེས་ལ་དམིགས་ནས“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བ”ཡི་ལག་ལེན་བྱ་སྤྱོད་སྤེལ་ཏེ།དང་བླངས་ཞབས་ཞུའི་དཔུང་ཁག་འཛུགས་པ།“རྒྱལ་ཁབ་ཆེན་པོ”ལ་དམིགས་ཏེ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་ནས་དཔུང་ཁག་གི་བྱང་ཚད་མཐོ་རུ་གཏོང་བ། ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་དམིགས་ནས་ཏང་རྩ་འཛུགས་ཀྱི་འཐབ་འཛིང་བཙན་རྫོང་དང་ཏང་མིའི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་དེ་སྤྱོད་གཙང་གི་རིག་གནས་སྤུས་རྟགས་གཏོད་ནས་ཤེས་དཔལ་ལས་ཁུངས་འཛུགས་སྐྱོང་ལ་སྐུལ་འདེད་བཏང་བ།
ཁུལ་མི་རིགས་ལས་བྱེད་སློབ་གྲྭས་བྱེད་ཐབས་སྣ་མང་སྤྱད་དེ་ཤེས་དཔལ་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ།ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ལ་བརྟེན་ནས་བླ་སྲོག་བསྐྲུན་པ་དང་།གཙོ་དོན་སློབ་གསོ་དང་གཞི་རིམ་སྒྲོག་སྤེལ་བྱས་ཏེ་ལོ་རེར་ཐེངས70ལྷག་སྤེལ་ནས་མི1.2ལ་ཕན་པ་ཐོབ་ཡོད། ལག་ལེན་ཁྲོད“མི་རིགས་མཐུན་སྒྲིལ་ཁྱིམ་ཚང་དུ་སྤེལ་བ”ཡི་ལག་ལེན་བྱ་སྤྱོད་ལ་སྐུལ་བ། སློབ་གྲྭའི་ཁོར་ཡུག་ལེགས་སུ་བཏང་།སྒོར་ཁྲི500བཏང་ནས་སྒྲིག་བཀོད་རིམ་སྤོར་བྱས་ནས་རིག་གནས་ཀྱི་གཡུལ་ས་བསྐྲུན་པ། ལས་སྒོ་འཕེལ་རྒྱས་ཀྱི་ཐོག“གསོ་སྦྱོང་དང་སློབ་གསོ། ཚན་རིག་ཞིབ་འཇུག་མཉམ་འབྲེལ”མ་ལག་བཙུགས་པ་དང་ལོ་གསུམ་ནང་གཙོ་གཟུགས་གསོ་སྦྱོང་ཐེངས62དང་སྤྱི་ཚོགས་གསོ་སྦྱོང་ཐེངས155ལེགས་གྲུབ་བྱས་པ་དང་།གྲོང་སྡེ(སྡེ་ཁུལ)ལས་བྱེད་པའི་སློབ་གཉེར་བརྒྱུད་རིམ་མི6000བརྒལ་བར་སྐུལ་བ། རྒན་རྒོན་ཡུལ་སྐོར་སློབ་སྦྱོང་དང་སྡེ་ཁུལ་སློབ་གསོ་གསར་གཏོད་བྱས་ནས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མང་པོ་ཐོབ་པ་དང་།ཏང་འཛུགས་སྐྱོང་གི་སྣེ་ཁྲིད་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་བྱས་ཏེ་ཤེས་དཔལ་གསར་གཏོད་དང་བྱ་གཞག་འཕེལ་རྒྱས་གཉིས་མཐོ་རུ་གཏོང་ཐུབ་པ་བྱས་ཡོད།
ཀྲུང་གོ་མི་དམངས་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་གིས་མ་ལག་ཅན་གྱི་བསམ་གཞིགས་ལ་བརྟེན་ནས་ཤེས་རིག་གསར་གཏོད་མ་ལག་འཛུགས་པ་དང་།《དྭངས་གཙང་དཀར་མཛེས་ཀྲུང་དབྱང་དངུལ་ཁང་གི་གཟའ་འཁོར་རེའི་སློབ་སྦྱོང》སོགས་སློབ་སྦྱོང་གི་གཞི་རྟེན་བཏོད་པ།གསར་གཏོད་དཔྱད་ཞིབ་ནང་བཅུག་པ།རིག་རྩལ་ར་བ་དང་བར་ཁྱམས་རིག་གནས་འཛུགས་པ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ལས་བཟོ་པའི་ངོས་འཛིན་གཅིག་མཐུན་བྱེད་ཤུགས་ཆེ་རུ་གཏོང་བ།ཚད་གསུམ་སློབ་སྦྱོང་མ་ལག་འཛུགས་པ་དང་།“གཏམ་རྒྱུད་ནང་གི་རིན་ཐང་གི་ལྟ་བ་གཙོ་བོ”ཡི་བྱེད་སྒོ་སྤེལ་བ།“སེམས་དང་ལག་པ་ཟུང་འབྲེལ”སོགས་དང་བླངས་ཞབས་ཞུའི་སྤུས་རྟགས་གཏོད་པ།ལོ་རེར་དངུལ་རྩའི་ཤེས་བྱ་ཁྱབ་གདལ་ཐེངས200ལྷག་སྤེལ་བ་དང་། “ང་ཚོའི་དུས་ཆེན”གྱི་བྱེད་སྒོ་སྤེལ་བ་དང་སྤྲོ་སྣང་ཚོ་ཆུང་བཅུ་ལྷག་བཙུགས་པ། དངོས་གཞིའི་དཔལ་འབྱོར་ལ་གནད་ལ་འཁེལ་བའི་ཞབས་འདེགས་ཞུ་བ།འགུལ་འགོག་གནོས་སེལ་ལ་རོགས་སྐྱོར།གཏོང་སྤྲོད་གསར་གཏོད་ལ་སྐུལ་བ།དངུལ་རྩའི་བརྟན་ལྷིང་སྲུང་སྐྱོང་བཅས་བྱས་ནས་བོད་འབྲེལ་ས་ཁུལ་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་པ་རེད།།
(ཀུན་དགའ་བསམ་གཏན་གྱིས་བསྒྱུར།)