སློབ་གླིང་བཟང་པོ་ཞིག་གི་སྐྱེད་
མོས་ཚལ། །
ཀ་ཁའི་གདངས་དབྱངས་སྙན་མོ་
ངག་ཏུ་ཐོགས། །
ཡིད་འོང་དེབ་གཟུགས་ཁྱེར་ཏེ་སློབ་
ལ་བརྩོན། །
མ་འོངས་ཕུགས་བསམ་འཚོལ་བ་
བྱིས་པའི་མགོན། །
འགྲུལ་བཞུད་རིང་མོ་ཞིག་གི་ཕ་
རོལ་ན། །
སེམས་ལ་དགའ་མགུ་སྟེར་བའི་ནོམ་
པོ་ཚོགས། །
བྱིས་པའི་དུས་ནས་མྱོང་བའི་ལས་
སྐལ་དེ། །
ནར་སོན་བརྒྱུད་རིམ་ཁྲོད་ནས་ཅིས་
ཀྱང་མཁོ། །
ལས་སྐལ་ཇི་སྙེད་དཔུང་པའི་
འཚོ་བ་ཡང་། །
བྱིས་པའི་སྣང་བ་གཞོན་དུས་ལྷག་
ཏུ་མཛེས། །
ཤེས་རིག་མཐའ་རྒྱ་ཡངས་པའི་
རྒྱུགས་ལམ་དུ། །
རེ་བའི་རྟ་ཕོ་བཞོན་ནས་བརྩོན་
པས་བྲབ། །
ཕ་ཁྱིམ་དྲོན་མོ་གཅིག་སྟེ་སློབ་གླིང་
ལས། །
རྩེད་འཇོ་བཟང་པོ་ཞིག་སྟེ་
དབྱངས་གསལ་ཟུང་། །
སྤྲོ་དགའི་ལས་དབང་ཞིག་གིས་
ཡུན་གྱིས་རྩེ། །
བྱིས་དུས་སྣང་བ་དྭངས་པས་སྐྱིད་
ཀྱིས་ཁེངས། །
དོ་ནུབ་འདི་ལྟར་བསམ་ཞིང་
བསམ་པའི་མཐར། །
བྱིས་པའི་དུས་ཆེན་སླེབས་པར་ཁ་
ཐག་ཐུང་། །
སྤྲོ་དགའི་སྣང་བ་ཚོགས་ཀྱང་དྲན་
པ་ཙམ། །
ཡིན་ཡང་རྗེས་དྲན་བཟང་བས་
གཏན་དུ་དྲན། །
མཇུག་མཐར་རིགས་གཅིག་ཀུན་གྱི་
བྱིས་པ་ལ། །
ཕ་སྐད་མ་ཡིག་སྦྱོངས་པའི་རེ་
འདུན་ཞིག །
བྱིས་པའི་དུས་ཆེན་འདི་ལ་ལེགས་
སྐྱེས་ཚུལ། །
ལྷད་མེད་གངས་དཀར་སེམས་ཀྱིས་
ཕུལ་བ་ཡིན། །
༼ ཁམས་འོད་གསལ། ༽
