ཤིན་ཏུ་དྭངས་པའི་མེ་ལོང་ངོར།
དབྱངས་གསལ་གྱི་མེ་ཏོག་རེ་རེ་བཞིན་འབུས་དུས།
ཀུན་གྱི་རེ་བ་སྒྱུ་སྐར་བཞིན་མནོག་པས།
ཅིས་ཀྱང་ཤུགས་རྒྱག་དགོས།
བྱིས་པ།
ཨ་མའི་བྱམས་བརྩེ་དང་ཨ་ཕའི་གཅེས་སྐྱོང་གི་འོག་ནས།
ལྷད་མེད་ཀྱི་གཤིས་ཀ་གཙང་མ་དང་སྡེབ།
སློབ་གྲོགས་ཀྱི་དགོད་སྒྲའི་ཁྲོད་ན།
སློབ་སྦྱོང་གི་རྣམ་པ་ཅི་འདྲའི་སྙིང་ཉེ་བ་ལ་ཨང་།
བྱིས་པ།
ཁྱེད་ནི་ཉེ་རིང་ཀུན་གྱི་སྙིང་གི་ཤ་ཡིན་པས།
རེ་བ་དང་ཡིད་ཆེས་རྒྱབ་ཏུ་མི་འདོར་བར།
སློབ་སྦྱོང་ལ་འབད་པ་ལྷུར་ལེན་བྱེད་དགོས།
ཡབ་ཡུམ་ལ་དྲིན་ལན་གྱ་ནོམ་པ་འཇལ་དགོས།
བྱིས་པ།
གདོང་གི་འཇམ་ཤ་ལ།
ཡིད་དབང་འཕྲོག་པའི་འཛུམ་དམུལ་དམུལ་ངང་།
གླུ་གར་གྱིས་ཁྱེད་ཀྱི་དེ་རིང་དགའ་བས་གྲུབ་ཅིག།
བྱིས་པའི་དུས་ཆེན་བསུ།
༼ གཟི་ནག་པོ། ༽