《གཏན་དུ་མི་ཡལ་བའི་བརྩེ་བ》ཞེས་པའི་གློག་བརྙན་སྤ་སེ་ཡིས་རིན་མི་དགོས་པར་
གནས་མཆོག་དཀར་མཛེས་ཁུལ་དུ་ཡུལ་སྐོར་བྱེད་ཆོག།
ཉེ་ཆར། ལི་ཐང་བསྟན་འཛིན་གྱིས་འཁྲབ་སྟོན་བྱས་པའི་བརྩེ་དུང་གློག་བརྙན《གཏན་དུ་མི་ཡལ་བའི་བརྩེ་བ》ཞེས་པས་དཀར་མཛེས་ཁུལ་གྱི་མཛེས་སྡུག་སྣང་ཡན་གློག་བརྙན་ངོས་སུ་འཆར་བ་དང་། རྟའུ་རྫོང་ནི་གློག་བརྙན་གྱི་ཡུལ་ལྗོངས་ཕབ་ལེན་བྱ་ཡུལ་གཙོ་བོའི་གྲས་ཤིག་ཡིན་ལ། དེ་གའི་གངས་རི་དང་རྩྭ་ཐང་། བོད་གྲོང་བཅས་ཀྱི་མཛེས་ལྗོངས་ཀྱིས་གཏམ་རྒྱུད་ཁྲོད་ཀྱི་ནམ་ཡང་མ་ནོར་བའི་བརྩེ་བ་དེར་འགྲེལ་བཤད་ཡག་ཤོས་ཤིག་ཏུ་གྱུར་པ་དང་། 2025ལོའི་ཟླ5པའི་ཚེས20ནས་ཟླ་བ9པའི་ཚེས1ཉིན་བར་གློག་བརྙན་དེའི་སྤ་སེ་ཡིས་དཀར་མཛེས་ཁུལ་གྱིAརིམ་པའི་ལྗོངས་ཁུལ་གྱི་སྤ་སེ་གཅིག་དང་རྗེ་ཆོག་ཅིང་། རྟའུ་རྫོང་ལ་གངས་རི་དང་རྩྭ་ཐང་།ནགས་ཚལ།གྲོག་རོང་།ཆུ་བོ་དང་མཚེའུ་སོགས་རང་བྱུང་སྣོད་བཅུད་ཀྱི་བཀོད་པ་མཛེས་ཤིང་ཡུལ་སྐོར་ཐོན་ཁུངས་ཕུན་སུམ་ཚོགས་པ་ཡོད་པས།ཡུལ་སྐོར་བ་མང་པོས་ཡིད་སྨོན་བྱ་ཡུལ་གྱི་གནས་མཆོག་ཅིག་ཡིན་པ་རེད།
བཞག་བྲ་ལྷ་རྩེའི་འོས་སྦྱོར་ལམ་ཐིག།
ཁྲེང་ཏུའུ་ནས་རྒྱུ་ལ། རྟའུ་དཔལ་སྨད། བཞག་བྲ་ལྷ་རྩེ། (བཞག་བྲ་གཡུ་མཚོ)བཅས་བར་ཡིན།
མི་ཉག་མགར་ཐར་ལྗོངས་ཁུལ་གྱི་འོས་སྦྱོར་ལམ་ཐིག།
ཁྲེང་ཏུའུ་ནས་དར་མདོ།གསེག་རི་སྤྱི་གླིང་།མི་ཉག་མགར་ཐར། བཞག་བྲ་ལྷ་རྩེ།རོང་བྲག། ཁྲེང་ཏུའུ་བཅས་བར་ཡིན།
གསེག་རི་སྤྱི་གླིང་གི་འོས་སྦྱོར་ལམ་ཐིག།
ཁྲེང་ཏུའུ་ནས་རྒྱལ་ལམ318པ། རྒྱུ་ལ། ར་རྔ་ཁ། གསེག་རི་སྤྱི་གླིང་། ཁྲེང་ཏུའུ་བཅས་བར་ཡིན།
རྟའུ་སྡོད་ཁང་གི་འོས་སྦྱོར་ལམ་ཐིག།
ཁུག་ཆ་ཡུལ་ཤོག་ས་དབར་གྲོང་སྡེ་ནས་རྫོང་མཁར་སྒོ་ཆེན། གནས་ཚང་མགྲོན་ཁང་། སྐྱིད་པོ་རེད་གནས་ཚང་།རྟའུ་གཙོ་དོན་མགྲོན་ཁང་། རྟའུ་གནའ་གྲོང་། མགར་ཆེན་གཞིས་ཀ།ཐེ་དབར་གྲོང་སྡེ་བཅས་བར་ཡིན།
གཡུ་ཁོག་རྩྭ་ཐང་གི་འོས་སྦྱོར་ལམ་ཐིག།
ཁྲེང་ཏུའུ་ནས་དར་མདོ། གསེག་རི་སྤྱི་གླིང་།རྟའུ། གཡུ་ཁོག། དགྱེས་ཡུལ་ལྷ་མཚོ།རོང་བྲག། ཁྲེང་ཏུའུ་བཅས་བར་ཡིན།
ལུང་བསྟན་འབྲོག་རའི་འོས་སྦྱོར་ལམ་ཐིག།
ཁྲེང་ཏུའུ་ནས་དར་མདོ། གསེག་རི་སྤྱི་གླིང་།ལུང་བསྟན་རྩྭ་ཐང་།མི་ཉག་མགར་ཐར། བཞག་བྲ་ལྷ་རྩེ། རོང་བྲག། ཁྲེང་ཏུའུ་བཅས་བར་ཡིན་པ་རེད།།