ཧྲན་ཏུང་ཅི་ནན་མིང་ཧྲུའེ་གནའ་གྲོང་ལྗོངས་ཁུལ་དུ་ཡུལ་སྐོར་བས་མེ་ཧྭ་ཆུ་མིག་ལ་ལྟ་སྐོར་བྱེད་བཞིན་པ།
ཡུལ་སྐོར་བས་ཧའེ་ནན་ཞིང་ཆེན་ཧྲན་ཡ་གྲོང་ཁྱེར་ཧྲན་ཡ་ཝན་དུ་ཆུ་རྩེ་བཞིན་པ།
ཡུལ་སྐོར་བས་ཧོ་པེ་ཞིང་ཆེན་ཐང་ཧྲན་གྲོང་ཁྱེར་ཧྥེང་ནན་ཆུས་ཧོ་ཐོའུ་ཁྲོམ་ལམ་རྙིང་པའི་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
ཡུལ་སྐོར་བས་ཀན་སུའུ་ཞིང་ཆེན་ཏུན་ཧོང་གྲོང་ཁྱེར་མིན་ཧྲ་རི་བོའི་ཟླ་བའི་ཆུ་མིག་ལྗོངས་ཁུལ་དུ་ལྟ་སྐོར་བྱེད་བཞིན་པ།
ཡུལ་སྐོར་བས་ཧྲན་ཏུང་ཞིང་ཆེན་ཙའོ་ཀྲོང་གྲོང་ཁྱེར་ཐའེ་ཨེར་ཀྲོང་གནའ་གྲོང་དུ་ལྟ་སྐོར་བྱེད་བཞིན་པ།
ཉེ་ཆར།རིག་གནས་དང་ཡུལ་སྐོར་པུའུ་ཡིས2025ལོའི་ལྔ་ལྔ་དུས་ཆེན་གུང་སེང་རིང་གི་རིག་གནས་དང་ཡུལ་སྐོར་ཁྲོམ་རའི་གནས་ཚུལ་བསྒྲགས་པ་རེད། ཚོད་རྩིས་ལྟར་ན། གུང་སེང་ཉིན་གསུམ་རིང་རྒྱལ་ཡོངས་ཀྱི་རྒྱལ་ནང་ཡུལ་སྐོར་མི་གྲངས་དུང་ཕྱུར1.19ལ་ཟིན་པ་དང་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.7འཕར་བ་རེད། རྒྱལ་ནང་ཡུལ་སྐོར་གྱི་སྤྱིའི་འགྲོ་སོང་སྒོར་དུང་ཕྱུར427.30ལ་ཟིན་པས་ན་ལོའི་དུས་མཉམ་ལས་བརྒྱ་ཆ5.9འཕར་ཡོད་པ་རེད།།