སྤྱི་ཟླ6པའི་ཚེས4ཉིན། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཁུལ་ཨུའི་ཆེད་དོན་ཚོགས་འདུ་གཙོ་སྐྱོང་གནང་ནས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་དག་ཐེར་བཅོས་སྐྱོང་ལས་དོན་སྔར་བས་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁོང་གིས་མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་དག་ཐེར་བཅོས་སྐྱོང་ལས་དོན་ཟབ་ཏུ་གཏང་རྒྱུའི་སྐོར་གྱི་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་བླང་བྱ་ལག་ལེན་ནན་པོ་བྱས་ཏེ།ཐོག་མཐའ་བར་གསུམ་དུ་ཤུགས་ཚད་མི་ཆག་པ་དང་ཚད་གཞི་མི་ལྷོད་བ་རྒྱུན་འཁྱོངས་ནས་གཅིག་བསྡུས་དག་ཐེར་བཅོས་སྐྱོང་ལས་དོན་མཐར་ཕྱིན་དང་ཏན་ཏིག་ཡོང་བར་སྐུལ་བ་དང་།སྤྱོད་ཚུལ་གཙང་ཞིང་དྲང་བདེན་གྱི་ཆབ་སྲིད་ཁོར་ཡུག་བཟང་པོ་བསྐྲུན་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་ལ་བསྐུལ་བར་འགན་ལེན་བརྟན་པོ་འདོན་སྤྲོད་བྱ་དགོས་ཞེས་གསུངས།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་ཚོགས་འདུར་ཞུགས་པ་རེད།
ཚོགས་འདུར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་སྐུལ་ཨུ་ལྷན།ཞིང་ཆེན་ཏང་ཨུའི་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་དང་།རང་ཁུལ་གྱི་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་དག་ཐེར་བཅོས་སྐྱོང་ལས་དོན་སྤེལ་བའི་གནས་ཚུལ་དང་འབྲེལ་ཡོད་མངོན་གསལ་དོད་པའི་གནད་དོན་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་ཞུར་ཉན་པ་དང་།སླད་ཕྱིན་གཅིག་བསྡུས་དག་ཐེར་བཅོས་སྐྱོང་ལས་དོན་དམ་འཛིན་བྱ་རྒྱུར་བཀོད་སྒྲིག་བྱས་པ་རེད།
ཚོགས་འདུར་བླང་བྱ་བཏོན་དོན།རྒྱུན་རྣམ་ཡུན་ཕན་གྱི་ཆེད་དོན་དག་ཐེར་བཅོས་སྐྱོང་ལ་སྐུལ་འདེད་བཏང་ནས་ཕན་འབྲས་དངོས་ཐོན་པར་འགན་ལེན་ཏན་ཏིག་བྱ་དགོས་པ་དང་།གྱོད་གཞི་སྒྲུབ་གཉེར་གཏིང་ཟབ་ཏུ་བཏང་ནས་ཟིལ་ཤུགས་ཆེན་པོ་རྒྱུན་མཐུད་ངང་ཆགས་པར་བྱ་དགོས།སེམས་ཤུགས་དང་བརྩེ་སེམས་ལ་བརྟེན་ནས་དམངས་འཚོའི་དོན་དངོས་ཡག་པོ་བསྒྲུབས་ནས་མང་ཚོགས་ཀྱིས་དེ་བས་མྱོང་ཚོར་ཐུབ་པར་བྱ་དགོས།།
(ལྷ་འཛོམས་ཀྱིས་བསྒྱུར།)
