国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཁུལ་ཨུ་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས།

སྤྱི་ཟླ6པའི་ཚེས6ཉིན། ཁུལ་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཚོགས་འདུ་འཚོགས་ནས་ཀྲུང་དབྱང་རིམ་པའི་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་ལག་ལེན་མཐར་ཕྱིན་དང་སློབ་སྦྱོང་སློབ་གསོའི་ལས་དོན་ཆེད་དོན་འཛིན་གྲྭ་དང་། ཀྲུང་དབྱང་སྒྲིག་ཨུ་གཞུང་དོན་ཐིང་གིས་ཏང་མི་ལས་བྱེད་པ་གཉིས་ཀྱིས་སློབ་སྦྱོང་སློབ་གསོའི་རིང་སྒྲིག་འགལ་ཟ་འཐུང་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དང་ཚབས་ཆེན་འགལ་བའི་དཔེ་མཚོན་གནད་དོན་སྐོར་གྱི་བརྡ་ཁྱབ་དང་། ཞིང་ཆེན་ཏང་ཨུ་རྒྱུན་ཨུའི་ཚོགས་འདུའི་སྙིང་དོན་བརྒྱུད་བསྒྲགས་བྱས་ཏེ། རང་ཁུལ་གྱི་ལག་བསྟར་བྱ་ཐབས་ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།

ཚོགས་འདུར་བསྟན་དོན། ཁུལ་ཡོངས་ཀྱི་ཏང་རྩ་འཛུགས་རིམ་པ་ཁག་དང་རྒྱ་ཆེ་བའི་ཏང་མི་ལས་བྱེད་པས་ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་དགོས་པ་དང་།ཏང་གི་སྤྱོད་ཚུལ་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ནས་བསམ་བློ་དང་བྱ་སྤྱོད་ཀྲུང་དབྱང་གི་བརྡ་ཁྱབ་སྙིང་དོན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱའི་ཐོག་ཏན་ཏིག་གཅིག་གྱུར་བྱ་དགོས།( པར་ངོས་གཉིས་པར་གཟིགས།)