( པར་ངོས་དང་པོར་མཐུད།)བློ་བརྟན་འགྱུར་མེད་དང་རྣམ་འགྱུར་གསལ་ཤོས། བྱ་ཐབས་ཧུར་ཐག་བཅས་ཀྱི་ཐོག་ནས་སྒྲིག་འགལ་ཟ་འཐུང་གཅིག་བསྡུས་དག་ཐེར་བཅོས་སྐྱོང་བྱས་ཏེ།སྤྱོད་ཚུལ་འཛུགས་སྐྱོང་གི་ཕན་འབྲས་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་དང་།“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱ་དགོས་པ་རེད།
ཚོགས་འདུར་བླང་བྱ་བཏོན་དོན།ཉེན་བརྡའི་སློབ་གསོ་གཏིང་ཟབ་ཏུ་གཏོང་དགོས། ཏང་རྩ་འཛུགས་རིམ་པ་ཁག་གིས《བརྡ་ཁྱབ་》བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཏང་མི་ལས་བྱེད་པས་སྒྲིག་འགལ་ཟ་འཐུང་གི་ཆབ་སྲིད་ཀྱི་གནོད་འཚེ་ཚབས་ཆེན་ངོས་འཛིན་གཏིང་ཟབ་བྱེད་པར་ཁྲིད་སྟོན་བྱས་ནས། ཟ་འཐུང་གི་ལོག་སྤྱོད་མཐའ་གཅིག་ཏུ་བཀག་འགོག་བྱ་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྒྲིག་སྲོལ་སེམས་ལ་བཞག་ནས་བྱ་སྤྱོད་དངོས་སུ་ཏན་ཏིག་སྤེལ་ཐུབ་པར་བྱ་དགོས། གཅིག་བསྡུས་དག་ཐེར་བཅོས་སྐྱོང་དམ་འཛིན་ཡག་པོ་བྱ་དགོས། སྒྲིག་འགལ་ཟ་འཐུང་གཅིག་བསྡུས་དག་ཐེར་བཅོས་སྐྱོང་བྱ་རྒྱུ་དེ་མང་ཚོགས་ཉེ་འཁོར་གྱི་ཚུལ་མིན་སྤྱོད་ཚུལ་དང་། རུལ་སུངས་གནད་དོན་གཅིག་བསྡུས་དག་ཐེར་བཅོས་སྐྱོང་བྱ་རྒྱུ་དང་ཟུང་འབྲེལ་བྱས་ཏེ་ཕན་ཚུན་ཟ་རེས་དང་།གཞུང་རྒྱུ་ཟ་བ།ཚོང་བདག་ཟ་བ།འོག་རིམ་ཟ་བ།དུས་ཆེན་གྱི་མིང་ཐོག་ནས་སྒྲིག་འགལ་ངང་འདུ་འཛོམས་བྱེད་པ་སོགས་མངོན་གསལ་དོད་པའི་གནད་དོན་ལ་དོ་སྣང་དམ་ཟབ་བྱས་པ་དང་།རང་བཤེར་རང་བཅོས་དམ་འཛིན་བྱས་ནས་རུལ་སུངས་མཉམ་བཤེར་མཉམ་བཅོས་བྱེད་པར་བསྐུལ་བ་དང་།གྲོན་ཆུང་ནན་པོ་ལག་བསྟར་བྱེད་པར་རྒྱུན་འཁྱོངས་དང་། ཆུད་ཟོས་ལ་ངོ་རྒོལ། ཏང་སྲོལ་དང་སྲིད་སྲོལ་བཟང་པོ་རྒྱུན་མཐུད་ངང་སྤྱི་ཚོགས་ཀྱི་སྤྱོད་ཚུལ་དང་དམངས་ཀྱི་སྤྱོད་ཚུལ་ཡར་རྒྱས་བཟང་ཕྱོགས་སུ་སྐུལ་ཁྲིད་བྱ་དགོས། དོ་དམ་དང་ནན་པོ་ཡུན་རིང་བར་རྒྱུན་འཁྱོངས་དགོས། ཏང་རྩ་འཛུགས་རིམ་པ་ཁག་གིས་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་དགོས་པ་དང་།འགན་འཁུར་བློ་མཐུན་གཙོ་བོར་འགན་འཁུར་མི་སྣ་གཙོ་བོའི་འགན་འཁྲི་བསྒྲུབ་དགོས། ཚན་ཁག་གི་ཁོངས་མིས“ལས་གནས་གཅིག་ལ་འགན་འཁྲི་གཉིས”དོན་འཁྱོལ་དང་།སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་སྐུལ་གྱི་འགན་འཁྲི་ཏན་ཏིག་བསྒྲུབ་དགོས། ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ཚན་ཁག་དང་ཁུལ་རིམ་པའི་མགོ་ཁྲིད་ཀྱིས་རང་ལུས་མིག་དཔེ་སྟོན་དགོས།རིམ་པ་ཁག་གི་མགོ་ཁྲིད་ལས་བྱེད་པ་དང་ལྷག་པར་དུ་མགོ་ཁྲིད་གཙོ་བོས་རང་གཅུན་ནན་པོ་དང་འགན་འཁྲི་ནན་པོ་འཁུར་བ་དང་། མངའ་ཁོངས་དོ་དམ་ནན་པོ་བཅས་བྱས་ཏེ་མཉམ་འཛིན་དང་ཐུན་མོང་དོ་དམ་གྱི་རྒྱུན་རྣམ་ཆགས་སུ་བཅུག་ནས་“སྤྱོད་ཚུལ་བཞི”ཡོ་བསྲང་དང་སྲོལ་གསར་རྒྱུན་ཆད་མེད་པར་གཞི་རིམ་དུ་སྣུར་སྲིང་བྱ་རྒྱུར་སྐུལ་འདེད་གཏོང་དགོས།
ཚོགས་འདུར་རིམ་པ་ཁག་དང་སྡེ་ཚན་སོ་སོས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་སྙིང་དོན་དོན་འཁྱོལ་ཧུར་ཐག་བྱས་ནས།སློབ་སྦྱོང་སློབ་གསོ་གཏིང་ཟབ་དང་ཏན་ཏིག་ཡོང་བར་སྐུལ་འདེད་བཏང་སྟེ།“སྤྱོད་ཚུལ་བསྒྱུར།བྱས་རྗེས་འཇོག།སྒྲིག་ལམ་སྲུང”བའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་ཏན་བྱས་ནས། ལྟ་སྐུལ་ནན་པོ་དང་དངོས་ཁྲིད་ལ་ཤུགས་བརྒྱབ་སྟེ། སློབ་སྦྱོང་དང་ཞིབ་བཤེར། བཅོས་སྒྱུར་བཅས་ཀྱི་ལས་ཀའི་བླང་བྱར་དམིགས་ནས་གཅིག་བསྡུས་དག་ཐེར་བཅོས་སྐྱོང་དམ་འཛིན་ནན་པོ་དང་།གནད་དོན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་དང་རྩ་བཅོས་བྱས་ནས་སློབ་སྦྱོང་སློབ་གསོར་དངོས་དངོས་རྗེན་རྗེན་གྱི་ཕན་འབྲས་ཐོབ་པར་སྐུལ་འདེད་གཏོང་དགོས།
ཚོགས་འདུར་ད་དུང་འབྲེལ་ཡོད་ལས་ཀའི་སྙན་ཞུར་ཉན་འཇོག་དང་།《དཀར་མཛེས་ཁུལ་གྱི་སྒྲིག་འགལ་ཟ་འཐུང་གནད་དོན་དག་ཐེར་བཅོས་སྐྱོང་ལག་ལེན་མཐར་ཕྱིན་བྱ་ཐབས་བདུན》སོགས་ཀྱི་ཡིག་ཆར་གྲོས་ཞིབ་བྱས་པ་རེད།།( བདེ་སྐྱིད་ཀྱིས་བསྒྱུར།)
