ཉེ་ཆར། དར་མདོ་གྲོང་ཁྱེར་སྐྱ་གད་གྲོང་རྡལ་གྱི་གངས་དཀར་འོ་སེ་མེ་ཏོག་ལྟ་སྐོར་པར་ལེན་དུས་ཚིགས་སྐབས་གསུམ་པ་དེ་སྐྱ་གད་གྲོང་རྡལ་མཐིལ་དབུས་གངས་དཀར་འོ་སེ་མེ་ཏོགAགསུམ་རིམ་པའི་ཡུལ་སྐོར་ལྗོངས་ཁུལ་དུ་སྤེལ་ཏེ། ཉིན་དང་པོ་ཡུལ་སྐོར་བ3000ལས་བརྒལ་བ་རེད།
ད་ཐེངས་ཀྱི་བྱེད་སྒོར་ཚོགས་ར་གཙོ་བོ་གཅིག་དང་ཡན་ལག་ཚོགས་ར་མང་པོས་འོ་སེ་མེ་ཏོག་གི་མཛེས་ལྗོངས་ལ་ལྟ་བ་དང་།དམངས་སྲོལ་དང་གཟུགས་མེད་རིག་གནས་ཤུལ་བཞག། པར་ལེན་དང་སྤྲོ་གསེང་སོགས་བྱེད་སྒོ་སྣ་མང་མཉམ་འདྲེས་བྱས་ཏེ་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རོལ་མྱོང་གསར་པ་བཏོད་པ་དང་།འགོ་འཛུགས་མཛད་སྒོར་རྟ་བརྒྱ་སྐོར་སྐྱོད་དང་མི་ཉག་ལ་གླུ། སྐོར་བྲོ། གཟུགས་མེད་རིག་གནས་ཤུལ་བཞག་གི་འགྲེམ་སྟོན་སོགས་བྱེད་སྒོ་སྣ་མང་སྤེལ་བ་རེད།
བྱེད་སྒོར་ས་གནས་དེ་གའི་འབུམ་རམས་པ་དང་རིག་གནས་མི་སྣ་གྲགས་ཅན་གྱི་བྱས་རྗེས་སོགས་གཅིག་སྡུད་ཐོག་འགྲེམ་སྟོན་བྱས་ནས་གཞོན་ནུ་ལོ་ཆུང་རྣམས་འཚར་ལོངས་ཡོང་བར་བསྐུལ་བ་དང་། པར་ལེན་དགའ་པོ་ཚོས་པར་ཆས་ནས་རང་བྱུང་ཁམས་དང་མི་རིག་གི་མཛེས་སྡུག་ཟིན་ཐོར་བཀོད་པ། དགོང་ཚོགས་སུ་མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་གླུ་ལེན་གར་རྩེད་སོགས་ཀྱི་རྩེ་མོར་རོལ་བ་རེད།
བྱེད་སྒོའི་རིང་མཐའ་འཁོར་གྱི་གནས་ཚང་དུ་འགྲུལ་པ་སྡོད་ཚད་བརྒྱ་ཆ95ལ་ཟིན་པ་དང་། ཞིང་ལས་ཐོན་རྫས་ཀྱི་བྲིན་ཚོང་བརྒྱ་ཆ30འཕར་བ་རེད། ཞིང་དུད600ལྷག་གིས་རང་ཁྱིམ་གྱི་སྒོ་ཁ་ནས་ལས་ཞུགས་མངོན་འགྱུར་བྱུང་བས། དར་མདོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱིས་ཡུལ་སྡེ་དར་རྒྱས་གཏོང་བར་བསྐུལ་བའི་ལག་ལེན་གསོན་ཉམས་དོད་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)
