(ཁམས་པའི་འཛུམ་མདངས་སྤྱིའི་འདོན་ཐེངས་བཞི་བརྒྱ་དོན་གཉིས་པའི་པར་ངོས་གཉིས་པའི་འཕྲོར་མཐུད།)
ས་བོན་ཁ་བཀས་པ་ནི། ས་བོན་འདེབས་རན་པའི་སྔོན་གྱི་ཉིན་གཉིས་གསུམ་ནང་དུ་གཏུབ་དགོས་པ་སྟེ། དེ་ལས་སྔ་སོང་ན་ནད་འགོ་བ་དང་རུལ་བར་འགྱུར་ཉེན་ཡོད་པ་དང་། ཕྱི་སོང་ན་བཅད་ངོས་སོས་མ་ཐུབ་པའི་དབང་གིས་བཏབ་རྗེས་རུལ་བདེ་བ་ཡིན། དུམ་བུ་ཆེ་ཆུང་ནི་ཐན་པ་འགོག་པའི་ནུས་པ་དང་མྱུ་གུའི་སྐྱེ་སྟོབས་བཟང་ངན་དག་དང་འབྲེལ་བ་ཡོད་པ་སྟེ། ཆེ་དྲགས་ན་འཕྲོ་བརླག་ཏུ་འགྲོ་བ་དང་། ཆུང་དྲགས་པའམ་སྲབ་དྲགས་པས་ས་བོན་བཏབ་རྗེས་སྐམ་པོར་འགྱུར་བདེ་བ་དང་། མྱུ་གུ་འབུ་འགྱང་པ་དང་སྟོབས་ཆུང་པར་འགྱུར་པ་ཡིན། ཉམས་མྱོང་ལྟར་བྱས་ན་དུམ་བུ་ཚད་དང་ལྡན་པ་ནི། གཅོད་པའི་དུས་སུ་དབྱིབས་རྡོག་རྡོག་ཏུ་གཅད་དགོས་པ་ལས་ལེབ་མོར་གཅད་མི་རུང་པ་དང་། པགས་པ་བཤུས་པ་དང་། མིག་བརྐོ་བ། མིག་ཀོང་མེད་པ་རྣམས་བྱེད་མི་རུང་། ས་བོན་རྡོག་གཅིག་གི་ལྗིད་ཚད་ཁེ་བཅོ་ལྔ་(༡༥g)ལས་མི་དམའ་བ་སྟེ། ཁེ་སུམ་ཅུ་ཡན་མན་གྱི་ཞོག་ཁོག་ཆུང་ངུ་རྣམས་གཞུང་ནས་དུམ་བུ་གཉིས་སུ་བཀས་པ་དང་། ཁེ་དྲུག་བཅུ་ཡན་མན་གྱི་ཞོག་ཁོག་འབྲིང་རྣམས་འཕྲེད་གཞུང་གཉིས་སུ་གཅོད། ཁེ་བརྒྱ་དང་ཉི་ཤུ་ཡན་མན་གྱི་ཞོག་ཁོག་ཆེན་པོ་རྣམས་རེ་རེ་ལ་ཁེ་ཉེར་ལྔ་ནས་སུམ་ཅུ་ཡོད་པར་བྱས་ཏེ་གསེས་ནས་དུམ་བུ་གཅད་ཆོག། བཅད་ཟིན་པ་རྣམས་ཉི་འོད་མེད་པའི་རླུང་ཕོག་ས་ལ་བཏིང་ནས་བཅད་ངོས་སོས་རྗེས་གདབ་དགོས། བཅད་པའི་ས་བོན་རྩྭ་ཤིང་བསྲེགས་པའི་གོ་ཐལ་དང་བསྲེས་ན་བཅད་ངོས་མགྱོགས་པོར་སོས་པ་དང་།