དབྱར་ཟླ་འབྲིང་བའི་དཀར་མཛེས་ཁུལ་གྱི་རི་ལུང་ཀུན་ན་གངས་རི་དང་རྩྭ་ཐང་།སྤྲིན་དཀར་དང་མེ་ཏོག་སོགས་ཀྱིས་བརྒྱན་པས་མཛེས་སྡུག་གི་བཀོད་པ་སུམ་རྩེན་གྱི་ཡུལ་ལ་འགྲན་པ་དང་།མཐོ་རྒྱུགས་དང་འབྲིང་རྒྱུགས་ཀྱི་མཐར་ཕྱིན་སློབ་མ་ཚོ་རྒྱུགས་ལེན་ལ་བྲེལ་བའི་དུས་ཀྱང་ཡིན། དཀར་མཛེས་ཁུལ་གྱི་ལྗོངས་ཁུལ་ཆེ་གྲས་ཁག་གིས་མཐོ་རྒྱུགས་དང་འབྲིང་རྒྱུགས་ལ་ཞུགས་པའི་མཐར་ཕྱིན་སློབ་མ་རྣམས་ལ་ལྗོངས་ཁུལ་གྱི་སྒོ་འཛིན་མི་དགོས་པའི་ལྟ་སྐྱོང་སྲིད་ཇུས་བཏོན་པ་སྟེ། སྤྱི་ཟླ6པའི་ཚེས10ནས་སྤྱི་ཟླ8པའི་ཚེས31ཉིན་བར་སློབ་མའི་རྒྱུགས་སྤྲོད་ཁྲོལ་ཡིག་ལ་བརྟེན་ནས་རིན་མི་དགོས་པར་འདབ་པའི་ཉི་སྟེན་ལྗོངས་ཁུལ་དང་དུང་དཀར་ལུང་པ་ལྗོངས་ཁུལ། འོད་སྐྱིད་མཚོ་ལྗོངས་ཁུལ།གསེག་རི་སྤྱི་གླིང་ལྗོངས་ཁུལ། མི་རྒོད་མཚོ་ལྗོངས་ཁུལ།བཞག་བྲ་ལྷ་རྩེ་ལྗོངས་ཁུལ།འབའ་ཐང་མཚོ་ཕུ་ལྗོངས་ཁུལ། བརྒྱ་རྒྱུད་བོད་གྲོང་ལྗོངས་ཁུལ། ཡིད་ལྷུང་ལྷ་མཚོ་ལྗོངས་ཁུལ། སྡེ་དགེ་པར་ཁང་ལྗོངས་ཁུལ། ཉག་རོང་མཚལ་རི་ལྗོངས་ཁུལ། ལི་ཐང་གནའ་གྲོང་།དུད་སྟོང་བོད་སྡེ་ལྗོངས་ཁུལ། དཔལ་ཡུལ་དཔལ་པ་ལུང་པ་ལྗོངས་ཁུལ་སོགས་ལ་ཡུལ་སྐོར་དུ་འགྲོ་ཆོག།གཞན་ལྗོངས་ཁུལ་ཁག་གཅིག་གིས་སྤྱི་ཟླ12པའི་ཚེས31ཉིན་བར་ལྟ་སྐྱོང་དུས་ཡུན་རིང་དུ་གཏང་རྒྱུ་རེད།།