དཀར་མཛེས་ནི།
ཟླ་བའི་ཁྱིམ་གཞིས་ཡིན།
སུས་ཀྱང་བྱུགས་མ་མྱངས་པའི་
འོད་སྣང་དཀར་པོ་ཞིག་ཡིན།
སུས་ཀྱང་མཛེས་བཟོ་མ་བྱས་
མྱངས་པའི་ཁོར་ཡུག་སྣུམ་
པོ་ཞིག་ཡིན།
དེ་དབང་གི་དཀར་མཛེས་ན་
ཟླ་བའི་རྨི་ལམ་ཡོད།
ཕེབས་དང་།
སྲིད་པ་རྒན་པོའི་སྒྲུང་གཏམ་ལས་
འཚར་བའི་གེ་སར་དང་
འབྲུག་མོ་ཡོད།
དེའི་ནང་ན་ལོ་རྒྱུས་ཀྱི་དྲོད་ཁུག་
མ་ཡལ་བའི་གསེར་ཡིག་དང་
དངུལ་ཡིག་ཁྲོད་དུ་བསྙལ་བའི་
མེས་པོའང་ཡོད།
ངས་ཀྱང་མེ་ཏོག་ཅིག་དང་འདྲ་
བའི་མཐོང་འདོད་པ་ནི།
དཀར་མཛེས་ཡིན།
ངས་ཡུལ་གྲུ་ཞིག་གཞན་གྱི་རྣ་
བར་གླེང་དུས།
ལོ་རྒྱུས་ཀྱི་ཡིག་འབྲིའི་གསེང་
བར་ནས་འཕྲོས་པའི་ཤོད་
ཆེན་བཅོ་བརྒྱད་ལས།
ཟླ་བའི་ཕ་ཁྱིམ་དུ་ཆགས་པའི་
ཤོད་གཅིག་ཡིན་པ་ནི།
དེབ་ཐེར་དང་དེབ་ཐེར་
གྱིས་བསྒྲགས་པའི་བརྗོད་
སྙིང་ལས་གསལ་བར་སྤྲོད།
གཏམ་རྒྱུད་དང་གཏམ་རྒྱུད་
ཀྱིས་གྲུབ་པའི་ཕོ་བྲང་གི་ཁང་
རྩིག་ལས་ཀྱང་མཐོང་། ལྟོས་དང་།
རྒྱང་རིང་ནས་ཕེབས་པའི་མགྲོན་
པོ་ལགས།
ཁྱོད་ཀྱིས་ཟླ་བའི་འོད་སྣང་
གྲོགས་སུ་བསྟེན་ནས།
ཡུལ་གྲོང་དེ་ཡི་འཚོ་བ་རོལ་དང་།
སུ་ཞིག་གིས་ཕུལ་མ་མྱངས་
བའི་ལེགས་སྐྱེས་ཤིག་དང་།
ནམ་ཡང་མྱོང་མ་ཐུབ་པའི་ཚོར་
སྣང་མངར་མོ་ཞིག་ཀྱང་།
དེ་ནས་རྙེད།
དཀར་མཛེས་ལགས།
ཁྱོད་ལ་ནམ་ཡང་རྒས་རྒྱུ་མེད་
པའི་ལང་ཚོ་དང་།
གཏན་དུ་རྙིང་ཞེན་མེད་པའི་
བཀྲག་མདངས་དེ།
ཟླ་བའི་འོད་མདོག་གོས་སུ་གྱོན་ནས།
ང་དང་ངའི་ཡོད་ཚད་ཀྱི་སྣང་
ལམ་དུ་མཚར་སྡུག་ཅིག་ཡོད་
པ་དེ།
དཀར་མཛེས་དང་དཀར་
མཛེས་ཀྱི་ལང་ཚོ་རེད།
༼ སྙན་གྱེར་རྒྱང་། ༽