国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






གངས་འདབས་ཀྱི་ཕ་ཡུལ།

ནགས་ཀྱི་ཚལ་དུ་མ་ཆགས་

ནགས་འདབ་ཅིག །

ཡིད་འོང་དལ་གྱིས་འཕེལ་

བའི་བདག་སེམས་འདི། །

བག་ཕེབས་རྩེད་འཇོ་ངང་དུ་

ཡུན་རིང་འཁྱམ། །

བརྩེ་བའི་ཕ་མས་བཅོལ་ཞིང་

ལས་ཀྱིས་གནང་། །

གངས་འདབས་ཡུལ་ལུང་ནང་

ནས་བྱེ་བྲག་ཅིག །

བདག་ཡིད་ཞེན་ཆགས་ལུས་

སའི་ཡུལ་གྲུ་ཡང་། །

སྙིང་ལ་སྡུག་པ་ཚོགས་ནས་ཆུང་

ཆུང་ཞིག །

ལས་འཕྲོའི་བཀོད་པ་འོག་ཏུ་སྙིང་

ལ་འདྲིས། །

འདི་ཡང་རི་ཆུ་འཛོམས་སའི་ཕ་

ཡུལ་ཏེ། །

སྤྲོ་གར་རིང་ནས་རིང་དུ་རྒྱུད་

བཞིན་ངང་། །

དོན་དུ་ཚོར་བས་རུམ་པའི་ཕ་

ཡུལ་ལགས། །

དགའ་སྤྲོའི་སྣང་བ་འཁྲེང་པའང་

མི་ཉུང་ངོ་། །

རྒྱང་ཐག་ཉེ་རིང་གང་དུ་

འགྲུལ་བཞུད་ཀྱང་། །

ཡིད་ལ་ཐོགས་པའི་ཕ་ཡུལ་འདི་

ཉིད་ལ། །

གློ་སྙིང་གཏན་དུ་སྐྱུར་ནས་ལུས་

ཕུང་འགྲིམ། །

ངོ་མཚར་རབ་ཏུ་བཀོད་ལ་སྙིང་

པོའི་ཚོགས། །

རྣམ་དག་བརྩེ་བ་འཆང་ཡུལ་

གཞི་ཆུང་འདི། །

ལས་དང་སྣང་བ་གཉིས་ཀྱིས་

འཁྲེང་ཞིང་ཞེན། །

མ་སྡང་མ་ཁྲོའི་ངང་ནས་

གནས་འདིར་འཚོ། །

འདི་ཡང་དགའ་ཚོགས་འཕེལ་

བའི་རྣམ་པ་སྟེ། །

ཞི་འཇམ་དབྱངས་ཀྱི་འགྲོས་

སུ་བླ་ལྷག་ཏུ། །

ཁྱེད་ཀྱི་མཛེས་སྡུག་སྟོང་གི་ཡང་

སྙིང་འཐེན། །

རྒྱུན་ལྡན་མངོན་དུ་གསལ་

བའི་ཁྲ་མིག་འདི། །

བརྩེ་བའི་མིག་ཟུང་གྱུར་ནས་

ཕྱོགས་སུ་ལྷུང་། །

གངས་འདབས་དེ་ཡི་དབུས་

སུ་ཡི་རང་བྱུང་། །

༼ ཁམས་འོད་གསལ། ༽