ཞིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་ཨ་སི་ཐ་ན་ནས་སྤྱི་ཟླ6ཚེས17ཉིན་གློག་འཕྲིན་འབྱོར་གསལ། ས་གནས་དེ་གའི་དུས་ཚོད་སྤྱི་ཟླ6ཚེས17ཉིན་གྱི་ཕྱི་དྲོར། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་དབུ་ཚོགས་སྐབས་གཉིས་པ་ཨ་སི་ཐ་ནའི་རང་བཙན་ཕོ་བྲང་དུ་འཚོགས་ཤིང་། ཧ་སག་སི་ཐན་གྱི་ཙུང་ཐུང་ཐོ་ཁཱ་ཡེ་ཧྥུའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་ཀྲུང་གོའི་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་། ཁེར་གྷི་སི་ཐན་གྱི་ཙུང་ཐུང་ཀྲ་ཕཱ་ལུའོ་ཧྥུའུ། ཐ་ཇིག་སི་ཐན་གྱི་ཙུང་ཐུང་ལཱ་ཧོ་མོང་། ཏུར་མེན་སི་ཐན་གྱི་ཙུང་ཐུང་པེར་ཏེ་མུའུ་ཧ་མེ་ཏོ་ཧྥུའུ། ཨུ་ཟ་བྷེ་ཁི་སི་ཐན་གྱི་ཙུང་ཐུང་སྨིར་ཅི་གཡོད་ཡེ་ཧྥུའུ་བཅས་ཚོགས་འདུར་ཞུགས་པ་རེད། གཙོ་བདག་ཚོས་མཛའ་གྲོགས་ཀྱི་རྣམ་པའི་ཁྲོད་དུ་ཤིས་ཨན་དབུ་ཚོགས་འཚོགས་ཚུན་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ཁྱབ་ཁོངས་ཁག་གི་མཉམ་ལས་ལ་ཐོབ་པའི་གྲུབ་འབྲས་ཐུན་མོང་ཐོག་ཕྱིར་དྲན་གནང་བ་དང་། འབྱུང་འགྱུར་གྱི་འཕེལ་རྒྱས་ཁ་ཕྱོགས་ལ་རྒྱང་ལྟ་གནང་བར་མ་ཟད། “ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་སྙིང་སྟོབས”དར་སྤེལ་བཏང་ནས་ཡུན་རིང་ཁྱིམ་མཚེས་མཛའ་གྲོགས་འབྲེལ་བ་མཐའ་འཁྱོངས་བྱས་ཏེ། ཀྲུང་གོ་དང་ཨེ་ཤེ་ཡ་དབུས་མའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་རྒྱུའི་ཐུགས་ཐག་ཀྱང་བཅད་གནང་བ་རེད།
( པར་ངོས་བཞི་པར་གཟིགས།)