国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དབྱངས་ཅན་ལྷ་ཡི་སྲས་མོ།

དྲི་བྲལ་དྭངས་པ་ཡངས་པའི་དཀྱིལ་འཁོར་རྒྱུ་སྐར་

ལམ་གྱི་སྐྱེད་ཚལ་ན། །

རབ་མཛེས་འཛུམ་པའི་མཉེན་ལྕུག་སྒེག་ལྡན་ཚངས་

སྲས་ལྷ་མོ་པདྨའི་མདངས། །

ཡིད་རབ་འཕྲོག་པའི་དཀར་གསལ་ཞལ་རས་གེ་སར་

ཟིལ་མངར་བཅུད་དུ་སྨིན། །

ལུས་ཟུངས་རྒྱས་ཤིང་ཆགས་པས་མྱོས་པའི་བུང་བ་ང་

ཚོས་ཁྱོད་ཉིད་རོལ། །

སྐུ་ནི་བརྗིད་པ་བགྲེས་རྒུད་བྲལ་ཞིང་ན་ཚོད་བཅུ་དྲུག་

ལོན་པའི་ཚུལ། །

ཞལ་ནི་མཛེས་པ་ཉ་གང་ཟླ་བ་ནམ་མཁའི་མཐོངས་སུ་

རྒྱུ་བ་བཞིན། །

ཚེམས་ནི་དཀར་བ་འོད་ཀྱི་ཐིག་ལེ་འཛིན་མའི་ཁྱོན་

ལ་འཕོས་དང་མཚུངས། །

མཆུ་ནི་དམར་བས་ཡིད་སེམས་འཕྲོག་ཅིང་ཆགས་

ལྡན་ཚོགས་ཀྱིས་ཁྱོད་ཙམ་དྲན། །

ཆོས་དབྱིངས་སྐྱེ་མེད་ཡང་དག་སྨྲ་བའི་སྙན་འཇེབས་

གསུང་ནི་རྫིང་བུ་སྟེ། །

རྙོག་པ་མེད་ཅིང་དྭངས་ཤིང་གཙང་བ་རྡུལ་མེད་སྒྲིབ་

བྲལ་དག་ཅིང་གཙང་། །

གཉིས་སྐྱེས་ཚོགས་རྣམས་ཁྲུས་ལ་འཇོག་ཅིང་བདེ་

དགའི་གནས་ལ་འཁྲིད་མཛད་མའི། །

གསུང་གི་ཆེ་བ་ཟུར་ཙམ་བསྔགས་པའི་ཚིག་མདུད་བརྒྱ་

ཕྲག་ལག་གིས་དཀྲོལ། །

སྒྲིབ་མེད་ཐུགས་ནི་ཡངས་ཤིང་ཟབ་པ་མི་མངོན་ནམ་

མཁའི་མཐའ་ལ་འགྲན། །

ཇི་ལྟར་ཇི་སྙེད་གནས་ལུགས་རབ་གཞལ་མཁྱེན་གཉིས་ཉི་

ཟླའི་དཔལ་དང་མཚུངས །

མ་ལྟར་གཅེས་པའི་འགྲོ་ལ་བརྩེ་བ་མདངས་ཆགས་འོད་

ཀྱི་ཕུང་པོ་འབར། །

ཐར་འདོད་འགྲོ་བའི་མེ་ཏོག་ཚོགས་རྣམས་རབ་ཏུ་གྲོལ་

ཞིང་འདབ་ལག་རྒྱས། །

ཁྱོད་ཀྱི་སྐུ་ནི་ཕུང་པོ་མ་བརྗོད་སྒྲིབ་གཡོག་བྲལ་བའི་

ནམ་མཁའ་ལགས། །

ཁྱོད་ཀྱི་ཞལ་ནི་བཞིན་རས་མ་ཟེར་མདངས་ཆགས་ཟླ་

བ་ཞེས་སུ་གྲགས། །

ཁྱོད་ཀྱི་ཚེམས་ནི་སོ་དཀར་མ་ཟེར་ཟླ་བའི་འོད་ཐིག་ལྷུང་

བ་རེད། །

ཁྱོད་ཀྱི་སྤྱན་གཉིས་མིག་ཏུ་མ་འབོད་མེ་ཏོག་ཀུ་མུད་

ཆ་གཅིག་ཡིན། །

༼ རང་མདངས། ༽