国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཉི་སྟེན་གྱི་ཚོན་མདངས།

ཝང་ཁྲུན་ཧྭ་ཡི་སྣུམ་ཚོན་རི་མོའི་བརྩམས་ཆོས་བདམས་བཀོད།

དག་ཞིང་།

བཞུར་རྒྱུན།

མཚོ་མགོའི་འགྲམ་ངོགས།

ས་སྲོད་ཀྱི་མཚོ་མོ།

ཕྱག་ན་རྡོ་རྗེའི་གནས་རི།

ཝང་ཁྲུན་ཧྭ་ནི་ཕ་ཡུལ་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་ཕིན་ཆོན་གྲོང་ཁྱེར་ནས་ཡིན་ཞིང་། ད་ལྟ་ཀྲུང་གོ་དམངས་གཙོ་མནའ་མཐུན་ཚོགས་པའི་ཁོངས་མི་དང་། ཧོ་པེ་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི། སྣུམ་ཚོན་རི་མོ་བ་གྲགས་ཅན་བཅས་ཡིན་པར་མ་ཟད། ཧེང་ཧྲུའེ་སློབ་གྲྭ་ཆེན་མོའི་མཛེས་རྩལ་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེན་མོའི་འགན་ཡང་བཞེས་ཡོད། ཁོང་གིས་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱི་ཉམས་འགྱུར་དང་གསར་རྩོམ་གྱི་རྨང་གཞི་ཟབ་མོར་བརྟེན་ནས་སྣུམ་ཚོན་རི་མོའི་ཁྱབ་ཁོངས་སུ་གྲུབ་འབྲས་གཟེངས་སུ་ཐོབ་པ་དང་། བརྩམས་ཆོས་ལ་རྒྱལ་ཁབ་རིམ་པ་དང་ཞིང་ཆེན་རིམ་པའི་བྱ་དགའ་ཡང་མང་པོ་ཐོབ་པར་མ་ཟད། རྒྱལ་ཁབ་ཕྱི་ནང་གི་འགྲེམས་སྟོན་ཁྲོད་བསྔགས་བརྗོད་ཆེན་པོ་ཐོབ་ཡོད།ཝང་ཁྲུན་ཧྭ་ཡི་སྒྱུ་རྩལ་གསར་རྩོམ་དེ་སྣུམ་ཚོན་རི་མོ་གཙོ་བོར་བྱས་པ་དང་བརྩམས་ཆོས་ཀྱི་བརྗོད་དོན་གཙོ་བོའི་ནང་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་བརྩེ་སེམས་དང་། དེ་བཞིན་དུས་རབས་ཀྱི་སྙིང་སྟོབས་ཚུད་ཡོད་པས་སྒྱུ་རྩལ་གྱི་ཡོན་ཚད་ཟབ་མོ་དང་འཚོ་བའི་མཐིལ་རྟོགས་ཟབ་མོ་གང་ལེགས་མངོན་ཡོད། ཁོང་གིས་པིར་སྨྱུག་ལ་བརྟེན་ནས་རང་བྱུང་ཁམས་དང་འཚོ་བ་དང་། དུས་རབས་ལ་དགའ་ཞེན་བྱེད་ལུགས་བརྒྱུད་སྤྲོད་བྱས་པ་དང་། སྒྱུ་རྩལ་ལ་བརྟེན་ནས་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་ལུགས་མཚོན་པ་བྱས་པས་བརྩམས་ཆོས་ལ་སྒྱུ་རྩལ་གྱི་རིན་ཐང་ཆེན་པོ་ལྡན་པར་མ་ཟད། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཐུགས་ཁུར་དང་དུས་རབས་ཀྱི་བསམ་གཞིག་དེ་བས་ཟབ་མོ་ལྡན་ཡོད།།