国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཧྲེན་དབྱང་གིས་ཁུལ་ཨུའི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་དགོན་སྡེ་དོ་དམ་ཆེད་དོན་ཚོགས་འདུར།

ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་དགོན་སྡེ་དོ་དམ་རྒྱུན་འཁྱོངས་ནས་དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུད་ཚད་མཐོན་པོ་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས་ཞེས་གསུངས།

སྤྱི་ཟླ6ཚེས25ཉིན། ཁུལ་ཨུའི་ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་དགོན་སྡེ་དོ་དམ་ཆེད་དོན་ཚོགས་འདུ་རོང་བྲག་རྫོང་དུ་འཚོགས་པ་དང་། ཁུལ་ཨུའི་ཧྲུའུ་ཅི་ཧྲེན་དབྱང་གིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་བ་རེད། ཁོང་གིས་ནན་གསུང་གནང་དོན། ཏང་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལོན་པ་དང་། ཆོས་ལུགས་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་འཆང་བར་གཙོ་གནད་དུ་འཛིན་རྒྱུ་མཐའ་འཁྱོངས་ཏེ། ཏང་འཛུགས་སྐྱོང་དང་དགོན་པ་དོ་དམ། དོན་འཁྱོལ་ལས་དོན་བཅས་དམ་འཛིན་བྱེད་པའི་བླང་བྱ་གསལ་པོས་བོད་བརྒྱུད་ནང་བསྟན་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་ལ་འཕྲོད་པར་ཁྲིད་སྟོན་ཧུར་ཐག་བྱས་ཏེ། ཆོས་ལུགས་ཞི་མཐུན་དང་།སྤྱི་ཚོགས་འཆམ་མཐུན།མི་རིགས་མཐུན་སྒྲིལ་བཅས་ལ་སྐུལ་འདེད་བཏང་ནས་དཀར་མཛེས་ཁུལ་ཡུན་རིང་བརྟན་བརླིང་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་དགོས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ།སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་ཀའོ་ཀྲན་དང་།ཁུལ་ཨུའི་ཧྲུའུ་ཅི་གཞོན་པ་ཝང་ཡུས་ཆུང་ཚོགས་འདུར་ཞུགས་པ་རེད།

ཚོགས་འདུར་དཔལ་ཡུལ་རྫོང་དང་སེར་ཤུལ་རྫོང་། གསེར་རྟ་རྫོང་། རོང་བྲག་རྫོང་། བྲག་མགོ་རྫོང་། དཀར་མཛེས་རྫོང་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་ཡུལ་གྲོང་གི་འགན་ཁུར་བློ་མཐུན་ཚོས་གཏམ་བཤད་བྱས་པ་རེད། ཚང་མའི་གཏམ་བཤད་གསན་རྗེས། ཧྲེན་དབྱང་གིས་ཉེ་བའི་ལོ་ཤས་རིང་ཁུལ་ཡོངས་ཀྱིས་དུས་རབས་གསར་པའི་ཏང་གི་བོད་སྐྱོང་ཐབས་ཇུས་དང་།དུས་རབས་གསར་པའི་ཏང་གི་ཆོས་ལུགས་ལས་དོན་སྐོར་གྱི་རིགས་པའི་གཞུང་ལུགས། ཞིང་ཆེན་ཏང་ཨུའི་བོད་འབྲེལ་ལས་དོན་བཀོད་སྒྲིག་བཅས་ལག་བསྟར་དོན་འཁྱོལ་མཐར་ཕྱིན་བྱས་ཏེ་ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱས་ནས་དགོན་སྡེ་དོ་དམ་ལས་དོན་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། མིག་སྔར་དང་སླད་ཕྱིན་གྱི་དུས་སྐབས་ཤིག་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཀར་མཛེས་ཁུལ་འཛུགས་སྐྱོང་མགྱོགས་མྱུར་སྐུལ་བའི་འགག་རྩའི་དུས་སྐབས་ཤིག་ཡིན་པས། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་དགོན་སྡེ་དོ་དམ་ཡག་པོ་བྱེད་པར་བླང་བྱ་སྔར་ལས་ནན་པོ་བཏོན་ཡོད། ཁུལ་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཏང་གི་ཆོས་ལུགས་ལས་དོན་གྱི་གཞི་རྩའི་བྱེད་ཕྱོགས་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ། ཡིད་ཆེས་དང་ཆོད་སེམས་སྔར་ལས་བརྟན་པོ་དང་ལས་ཀའི་བྱེད་ཐབས་སྔར་ལས་ནུས་ལྡན་གྱིས་འགན་འཁྲི་ཁུར་ཕོད་པ་དང་འགན་འཁྲི་ལེགས་པར་བསྒྲུབས་ཏེ་ཁྲིམས་ལྟར་དགོན་སྐྱོང་དང་གྲྭ་བཙུན་དོ་དམ་བྱེད་པའི་ལས་འགན་ཁག་དོན་འཁྱོལ་ཞིབ་ཚགས་བྱས་པར་ཕྱོགས་ཡོངས་ནས་སྐུལ་འདེད་གཏང་དགོས་ཞེས་གསུངས།

ཧྲེན་དབྱང་གིས་རང་རྒྱལ་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་ཏེ་དགོན་སྡེ་དོ་དམ་གྱི་གཙོ་གནད་ལས་འགན་ཁག་དོན་འཁྱོལ་བྱ་རྒྱུར་ཁྱོན་ཡོངས་ནས་བསྐུལ་བ་དང་།སྤྱི་ཚོགས་བརྟན་བརླིང་སྲུང་སྐྱོང་མཐའ་གཅིག་ཏུ་བྱ་དགོས་པ། བསམ་བློ་ཆབ་སྲིད་སྣེ་ཁྲིད་ཟབ་ཏུ་གཏང་དགོས་པ། ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱ་དགོས་པའི་བླང་བྱ་བཏོན།

ཧྲེན་དབྱང་གིས་ནན་གསུང་གནང་དོན། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དེ་དགོན་སྡེ་དོ་དམ་བྱ་རྒྱུ་མཐའ་འཁྱོངས་པ་ནི་ཏང་གིས་དགོན་སྡེ་དོ་དམ་ལ་འགོ་ཁྲིད་བྱ་རྒྱུར་སྒོ་ཀུན་ནས་ཤུགས་བརྒྱབ་སྟེ་ལམ་ལུགས་དང་ལམ་སྲོལ། འགན་འཁྲིའི་བླང་བྱ། འགན་སྲུང་བྱེད་ཐབས་སོགས་དོན་ཐོག་ཏུ་འཁྱོལ་བ་དང་། དགོན་སྡེ་དོ་དམ་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏང་དགོས།

ཚོགས་འདུའི་སྔོན་ཚོགས་ཞུགས་པ་རྣམས་དཀར་མཛེས་དང་བྲག་མགོ། རྟའུ། རོང་བྲག་སོགས་ཀྱི་དགོན་པའི་དོ་དམ་ཨུ་ལྷན་དང་དགོན་སྡེ། ཡུལ་ཤོག(གྲོང་རྡལ) སྤྱི་ཁུལ་སོགས་སུ་རྟོག་ཞིབ་དང་སློབ་སྦྱོང་དུ་སོང་བ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)