国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






■ སྤྱི་ཟླ6པའི་ཚེས23ཉིན། ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཏང་ཚན་ཁག་གི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་གནས་ཚོ་ཆུང་གིས2025ལོའི་ཆེད་དོན་སློབ་སྦྱོང (རྒྱས་འཛོམས) ཚོགས་འདུ་ཐེངས་བཞི་པ་འཚོགས་ཤིང་། ཚོགས་འདུར་མི་རིགས་ལས་དོན་ལ་ཤུགས་རྒྱག་པ་དང་ལེགས་སུ་གཏང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོར་བཅངས་བ། བརྟན་བརླིང་དང་འཕེལ་རྒྱས།སྐྱེ་ཁམས།དམངས་འཚོ་བཅས་དོན་ཆེན་བཞི་ལ་གཞིགས་ཏེ། དམིགས་ཡུལ་ནི་མི་དམངས་འཐུས་ཚོགས་ལམ་ལུགས་ཀྱི་ཕན་ནུས་དང་ལེགས་ཆ་སྔར་ལས་འདོན་སྤེལ་དང་། དཀར་མཛེས་ཁུལ་ཡུན་རིང་བདེ་འགོད་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་མི་དམངས་འཐུས་ཚོགས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དེ་ཡིན། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་ཏང་ཚན་ཁག་གི་ཧྲུའུ་ཅི། ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུ་གཙོ་སྐྱོང་དང་གསུང་བཤད་གནང་བ་རེད།།

■ སྤྱི་ཟླ6པའི་ཚེས24ཉིན། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་ཧྥུང་ཧྥ་ཀུའེ་ཡིས་ཁུལ་མི་དམངས་སྲིད་གཞུང་སྐབས་བཅུ་གསུམ་པའི་རྒྱུན་ལས་ཚོགས་འདུ་ཐེངས68པ་གཙོ་སྐྱོང་གནང་ནས་འཚོགས་ཤིང་། ཚོགས་འདུར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པར་མ་ཟད། གཙོ་གནད་ལས་ཀར་ཞིབ་འཇུག་དང་བཀོད་སྒྲིག་བྱས་པ་རེད།།

■ སྤྱི་ཟླ6པའི་ཚེས25ཉིན། དཀར་མཛེས་ཁུལ་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་ཉེར་བཞི་པ་དར་མདོར་འཚོགས་པ་རེད། ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་གྱིས་ཚོགས་འདུར་གཙོ་སྐྱོང་གནང་། ཚོགས་འདུར་ཁུལ་ཡོངས་ཀྱི་མི་དམངས་འཐུས་ཚོགས་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གཉིས་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བདུན་པའི་སྙིང་དོན་སློབ་སྦྱོང་དྲིལ་བསྒྲགས་ལག་བསྟར་བྱ་རྒྱུ་དེ་མིག་སྔར་དང་སླད་ཕྱིན་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩིས་ཏེ། ཁྲིམས་འཛུགས་འགན་སྲུང་དང་ཆེད་དོན་ལྟ་སྐུལ། འཐུས་མིའི་ནུས་པ་འདོན་སྤེལ་བཅས་ཀྱི་ཐད་མུ་མཐུད་ཤུགས་རྒྱག་པ་དང་། ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས་ཞེས་ནན་བཤད་བྱས་པ་རེད།།