སྒྲོག་འགྲེལ་བྱེད་སྒོའི་ཡུལ་དངོས། སྤྱི་ཟླ6ཚེས་པའི17ཉིན།འདབ་པ་རྫོང་སློབ་འབྲིང་གི་སྐས་རིམ་སློབ་ཁང་དུ་ཐལ་མོ་རྡེབ་སྒྲས་ཁེངས། དཀར་མཛེས་ཁུལ་བཙུགས་ནས་ལོ75འཁོར་བ་དང་ཀྲུང་ཧྭ་རྒྱལ་ཡོངས་སྤྱི་ཁྱབ་བཟོ་ཚོགས་བཙུགས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུས་པ་སྟེ། མིག་དཔེ་ཉེ་འགྲམ་ན་ཡོད་ཅེས་པའི་སྔོན་ཐོན་དཔེ་མཚོན་གཞི་རིམ་སྐོར་སྐྱོད་གཏམ་བཤད་བྱེད་སྒོ་འདབ་པར་སྤེལ། བྱེད་སྒོའི་དམིགས་ཡུལ་ནི་སྔོན་ཐོན་དཔེ་མཚོན་མི་སྣའི་གཏམ་རྒྱུད་བརྒྱུད་དེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ལ་སྐུལ་སློང་བྱས་ནས་མིག་དཔེར་སློབ་སྦྱོང་དང་། མིག་དཔེར་བརྩི་མཐོང་། སྔོན་ཐོན་བརྩོན་ལེན་བཅས་ཀྱི་སྤྱི་ཚོགས་ཀྱི་དར་སྲོལ་བཟང་པོ་བསྐྲུན་ནས་རང་ཁུལ་དུ་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསམ་པའི་སྒུལ་ཤུགས་བསྣན་པ་རེད། བྱེད་སྒོར《མིག་དཔེ་ཉེ་འགྲམ་ན་ཡོད》ཅེས་པའི་བརྙན་ཐུང་འགྲེམས་སྟོན་དང་།བརྙན་ཐུང་ལས་དཀར་མཛེས་ཁུལ་གྱི་ཀུན་སྤྱོད་དཔེ་བཟང་དང་ཉེ་འགྲམ་མི་བཟང་སོགས་རིམ་པ་ཁག་གི་སྔོན་ཐོན་དཔེ་མཚོན་ལ་དམིགས་ནས་ཁོང་ཚོའི་སྤྱིར་བཏང་གི་ལས་གནས་ཐོག་གི་མཐའ་འཁྱོངས་དང་བསམ་པའི་ཉམས་འགྱུར་གསོན་ཉམས་ལྡན་པའི་སྒོ་ནས་མངོན་ཡོད། སེམས་འགུལ་ཐེབས་པའི་དཔེ་མཚོན་རེ་རེ་ལས་དེ་གར་ཡོད་པའི་ལྟད་མོ་བ་རྣམས་ལ་མིག་དཔེའི་སྟོབས་ཤུགས་སྔོན་ནས་ཚོར་དུ་བཅུག་ཡོད། ང་ཚོས་རྒྱང་རིང་གི་གནས་ཚུལ་དང་ཏང་གི་སྐད་སྒྲ།གཉེན་ཉེའི་བསམ་བློ་བཅས་ཁྱེར་ཡོང་བ་ཡིན་ཞེས་པ་དང་།དུས་རབས་ཀྱི་དཔེ་མཚོན།2018ལོ་འཁོར་གྱི་ཀྲུང་གོའི་སེམས་འགུལ་ཐེབས་པའི་མི་སྣ་སོགས་ཡིན་པའི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་བཟང་འཆི་མེད་རྡོ་རྗེས་རང་ཉིད་ལོ34རིང“ཁྲོན་བོད་ཀྱི་ཉེན་ཁ་ཆེ་བའི་སྦྲག་ལམ”བརྟན་སྲུང་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་བཤད་པ་དང་། བྲག་མགོ་རྫོང་ཨུ་དྲིལ་བསྒྲགས་པུའུ་ཡི་ཕྱི་ཕྱོགས་དྲིལ་བསྒྲགས་གཞུང་ལས་ཁང་གི་དབྱང་ལི་ཡིས་སི་ཁྲོན་ཞིང་ཆེན་གྱི་ཀུན་སྤྱོད་དཔེ་བཟང་དང“སི་ཁྲོན་གྱི་མི་བཟང”དགའ་ཐར་མཚོའི་མི་སེམས་འགུལ་བའི་གཏམ་རྒྱུད་བཤད་པ། དགའ་ཐར་མཚོས་ནད་གཞི་ལྕི་མོ་ཕོག་པའི་ཁྱོ་ག་རྒྱབ་ཏུ་འཁུར་ནས་ཕྱོགས་གང་སར་སྨན་བཅོས་ལ་སོང་བར་མ་ཟད། མོས་བདག་སྐྱོང་ཞིབ་ཚགས་འོག་ཁྱོ་གའི་ཉལ་རྨ་དང་སྐྱི་པགས་སོགས་གཏན་ནས་རུལ་བཅུག་མེད། འཚོ་བའི་ཁྲོད་དུའང་ངལ་བརྩོན་གྲོན་ཆུང་གིས་ཁྱིམ་གཞིས་བདག་སྐྱོང་དང་དཀའ་སྤྱད་ལས་གཏོད་བྱས་ཏེ་ཁྱིམ་ཚང་གང་པོའི་ཁུར་པོ་ལྗིད་པོ་ཁུར་ནས་ཁྱིམ་ཚང་གི་དྲོ་སྐྱིད་དང་སྟོབས་ཤུགས་མངོན་པ་རེད། དེ་བཞིན་སི་ཁྲོན་ཞིང་ཆེན་གྱི་གཞི་རིམ་ཉེན་རྟོག་པ་ཡག་ཤོས་དང་སི་ཁྲོན་མི་བཟང་ཞེས་པའི་མཚན་སྙན་ཐོབ་མཁན་དཀར་མཛེས་རྫོང་གི་མི་དམངས་ཉེན་རྟོག་པ་ལིའུ་ཕེང་གིས་རང་ཉིད་ལོ་དགུ་རིང་མཚོ་འཕགས་སྨི3980ཡོད་པའི་ཉེན་རྟོག་ས་ཚུགས་སུ་བཅའ་སྡོད་བྱས་པའི་གཏམ་རྒྱུད་བཤད་ཅིང་། ཁོང་གིས་ཡུལ་སྐོར་བ་དང་ཁ་ལོ་བ་གྲོགས་པོ་ཚོས་ང་ཚོར་བསྟོད་བསྔགས་ཀྱི་མཐེ་བོང་བསྒྲེངས་པ་དང་ས་གནས་དེ་གའི་མི་སེར་ཚོས་ཀྱང་ང་ཚོར་བཀའ་དྲིན་ཞུ་བའི་འཛུམ་མདངས་མཐོང་ཚེ་སེམས་འགུལ་ཆེན་པོ་ཐེབས་པ་དང་།དོན་དངོས་ཐོག་དེ་དག་ནི་ང་ཚོས་ལས་གནས་འདིར་བརྟན་སྲུང་བྱེད་པའི་སྒུལ་ཤུགས་ཆེ་ཤོས་ཀྱང་ཡིན་ཞེས་བཤད་པ་རེད།།( ཀུན་དགས་བསྒྱུར།)